10244

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གསུང་རབ་ཡན་ལག་བཅུ་གཉིས།
Tibetan Alternate
Tibetan Definition ཁག་གཉིས་པ།

སློབ་དཔོན་ཤན་ཏི་བས་བརྒྱད་སྟོང་འགྲེལ་ཆེན་སྙིང་པོ་མཆོག་ལས་གསུངས་པ་སྟེ། 1. མདོའི་སྡེ། 2. དབྱངས་ཀྱིས་བསྙད་པའི་སྡེ། 3. ལུང་བསྟན་པའི་སྡེ། 4. ཚིགས་སུ་བཅད་པའི་སྡེ། 5. ཆེད་དུ་བརྗོད་པའི་སྡེ། 6. གླེང་གཞིའི་སྡེ། 7. རྟོགས་པ་བརྗོད་པའི་སྡེ། 8. དེ་ལྟ་བུ་བྱུང་བའི་སྡེ། 9. སྐྱེས་པ་རབས་ཀྱི་སྡེ། 10. ཤིན་ཏུ་རྒྱས་པའི་སྡེ། 11. རྨད་དུ་བྱུང་བའི་སྡེ། 12. གཏན་ལ་ཕབ་པར་བསྟན་པའི་སྡེ་བཅས་སོ། ། གསུང་རབ་ཡན་ལག་དགུར་བསྡུས་ན། རྟོགས་བརྗོད་དེ་ལྟ་བུ་བྱུང་དང་སྐྱེས་རབས་གསུམ་གླེང་གཞིའི་ནང་དུ་བསྡུས་ནས་དགུར་འགྱུར་རོ། ། ཤིན་ཏུ་བསྡུས་ན། སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུ་སྟེ། མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་བཅད་ཆེད་བརྗོད་ལྔ་ནི། ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་ཡིན། གླིང་གཞི་རྟོགས་བརྗོད་དེ་ལྟ་བུ་བྱུང་དང་སྐྱེས་རབས་བཞི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཡིན། ཤིན་ཏུ་རྒྱས་པ་རྨད་བྱུང་གཉིས་བྱང་ཆུབ་སེམས་དཔའི་སྡེའི་སྡེ་སྣོད་དོ། ། གཏན་ལ་ཕབ་པའི་སྡེ་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་ཡིན་ནོ། ། དེ་ལྟ་ན། འདུལ་བའི་སྡེ་སྣོད་ཀྱི་ནང་དུ་བཞི། མདོ་སྡེའི་སྡེ་སྣོད་ཀྱི་ནང་དུ་བདུན། མངོན་པའི་སྡེ་སྣོད་ཀྱི་ནང་དུ་གཅིག་སྟེ། གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་བསྡུས་ཚུལ་དེ་ལྟར་རོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་471.4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number