10247

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསླབ་པའི་ཚུལ་ཁྲིམས་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས་ཏེ་ཞུས་ལན་ལས་བྱུང་བ་སྟེ།

1. ངོ་བོ་ནི། ཆོས་ཉིད་ཡང་དག་པའི་དོན་སྤྲོས་པ་དང་བྲལ་བ་ཡིན་པ་ལ༔ དེ་ལྟར་མ་རྟོགས་པ་རྣམས་ལ་ཕན་སེམས་བསྐྱེད་པ་ཡིན༔ 2. ངེས་ཚིག་ནི། དེ་ལྟ་བུ་དེ་ཕྱི་ལུས་ངག་གི་བྱ་བ་ལ་མི་ལྟོས་པར་སེམས་ཁོ་ན་བསྐྱེད་པའི་ཕྱིར་ནང་ཞེས་བྱ་སྟེ༔ དེ་རོང་ཡང་མི་ནུས་གསུངས༔ 3. དབྱེ་བ་ནི། སྨོན་འཇུག་གཉིས་ཏེ༔ དེ་ཡང་སྨོན་པ་ནི༔ དེ་ལྟར་སེམས་ཅན་མ་རྟོགས་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་འདོད་པ་ཞིག་ཡིན་ཏེ༔ དེ་ཡང་ཁ་འཁུན་ཞིང་བསྡད་པས་མི་ཆོག ༔ སེམས་ཅན་ཐམས་ཅད་ཀྱིས་དེ་ཐོབ་པར་བྱེད་པའི་ཐབས་ལ་ཅི་ནས་ཀྱང་འབད་པ་གལ་ཆེ་སྟེ༔ མཚོ་རྒྱལ་གཉིས་འཛིན་དང་མ་བྲལ་བར་དུ་འཇུག་པ་ཉིད་ཀྱང་དཀའ་གསུངས༔ 4. བསླབ་པ་འཇུག་པའི་གང་ཟག་གི་མཚན་ཉིད་ནི། སྔར་བཤད་པ་ལྟ་བུའི་སྟེང་དུ་རྟོག་པའི་སྤྲོས་པ་ཆུང་བ་ཞིག་དགོས༔ མཚོ་རྒྱལ་དལ་སོར་ཆུག་གསུངས༔ 5. བླང་བའི་ཡུལ་ནི། བླ་མ་ཤེས་རབ་རྣམ་གསུམ་ལ་བསླབ་པར་བྱ༔ བདག་མེད་གཉིས་ཀྱི་དོན་རྟོགས་ཏེ༔ ཆོས་བརྒྱུད་དང་བྲལ་བ་ལས་བླང་དགོས་མཚོ་རྒྱལ་ཐེག་པ་ཆེན་པོའི་ཆོས་ལ་ཞུགས་པ་ལ་བླ་མ་གལ་ཆེའོ་གསུངས༔ 6. བླང་བའི་ཆོ་ག་ནི། འཁོར་གསུམ་ཡོངས་་ངས་དག་བྱས་ནས༔ འཇིག་རྟེན་གྱི་བྱ་བ་མཐའ་དག་བློས་བཏང་སྟེ༔ ཡང་དག་པའི་གདམས་ངག་ཞུ་གསུངས༔ 7. བསླབས་པའི་ཕན་ཡོན་ནི། ལམ་ལེགས་པ་དང་༔ ཐེག་པ་དམན་པ་ལས་ཁྱད་དུ་འཕགས་ཏེ༔ ངོ་བདག་དང་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་སྤངས་ནས་བདག་མེད་པའི་དོན་རྟོགས་པའི་དགོས་པ་ཡོད་གསུངས༔ 8. སེམས་སྐྱེད་པའི་སློབ་པའི་གཏན་ཚིགས་ནི། བདག་གིས་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་བདག་མེད་གཉིས་ཀྱི་དོན་ལ་དགོད་དགོས་པས་སོ༔ 9. མ་བསླབས་པའི་ཉེས་དམིགས་ནི། བདག་མེད་པའི་དོན་ལས་གོལ་བ་ཞིག་ཡིན་ཏེ༔ དེ་ཡང་གང་ཟག་གི་བདག་ནི་གྲུབ་མཐས་བློས་མ་བསྒྱུར་པ་སོ་སོའི་སྐྱེ་བོ་དང་༔ གྲུབ་མཐའ་ལོག་པར་ཞུགས་པའི་མུ་སྟེགས་པ་རྣམས་ཟག་པའི་ཕུང་པོ་ལྔ༔ སྐྱེ་མཆེད་བཅུ་གཉིས༔ ཁམས་བཅོ་བརྒྱུད་ལ་དབང་བསྒྱུར་ཞིང་ལོངས་སྤྱོད་པ་དང་༔ དེ་ཡང་རྟག་པ་དངོས་པོ་ཅན་བདག་དང་བཅས་པས་དགྲ་གཉེན་བདག་གཞན་ལ་སོགས་པར་འཛིན་པ་ཞིག་ཡིན་མཚོ་རྒྱལ་འཛིན་པའི་གཏོད་ཕུར་འཇིག་དགོས་གསུངས༔ 10. བསྲུང་བྱའི་ཆོས་ནི། བདག་མེད་པའི་དོན་ལ་བསླབ་པ་སྟེ༔ དེ་ཡང་གཉིས་ལས – སྨོན་པའི་བསྲུང་བྱ་ནི༔ (1)དུས་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས་བདག་མེད་པའི་དོན་རྟོགས་པར་གྱུར་ཅིག་སྙམ་དུ་སྨོན་ལམ་རྒྱུན་མི་འཆད་པ་དང་གཅིག༔ (2)གཞན་བདག་མེད་པའི་དོན་སྒོམ་པ་རྣམས་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྗེས་སུ་ཡི་རང་བ་སྒོམ་པ་དང་གཉིས དུས་རྟག་ཏུ་བདག་མེད་པའི་དོན་ལས་མི་འདའ་བར་འབད་པ་ལ་བསླབ་པ་གལ་ཆེ་གསུངས༔ འཇུག་པའི་བསྲུང་བྱ་ལ་ཕྱི་ནང་གཉིས་ཏེ༔ དང་པོ་ཕྱིའི་བསྲུང་བྱ་བཞི་ནི༔ (1)བདག་མེད་པའི་དོན་མ་རྟོགས་ཀྱི་བར་དུ༔ དེ་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་དང་མི་འབྲལ་བ༔ (2)གནས་ཡུལ་སྡེ་རིས་དང་དགྲ་གཉེན་ཕྱོགས་ཆེ་སྤངས་པ༔ (3)བདག་མེད་སྟོང་པ་ཉིད་ཀྱི་སྟོན་པའི་ཆོས་ཐོས་བསམ་སྒོམ་གསུམ་བྱ་བ༔ (4)མིང་རུས་ལུས་དང་གསུམ་ལ་བདག་ཏུ་ངེས་པར་མི་བཟུང་བ་བཞི་ཡིན་གསུངས༔ ནང་གི་བསླབ་བྱ་ལ་ཡང་བཞི་སྟེ༔ (1)ཕྱི་རོལ་གྱི་བཏགས་པའི་མིང་དང་ཐ་སྙད་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་ལས་མ་གྲུབ་པས་ཐ་སྙད་ལ་དོན་དུ་མི་བཟུང་བ་དང་གཅིག༔ (2)སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་འདི་རྣམས་རྨི་ལམ་ལྟ་བུ་སྣང་ཡང་རང་བཞིན་མ་གྲུབ་པར་ཤེས་པ་དང་གཉིས༔ (3)དེ་ལྟར་གང་དུ་ཡང་མ་གྲུབ་པ་ལ་སྣ་ཚོགས་སུ་འཛིན་མཁན་གྱི་སེམས་རིག་པ་དེ་ཉིད་ལན་གསུམ་མཚན་ལན་གསུམ་བཙལ་བ་དང་གསུམ༔ (4)བཙལ་བས་ནང་ནས་འཛིན་པའི་སེམས་དེ་གང་དུ་ཡང་མ་རྙེད་པར་མིང་མེད་མཐའ་སྟོངས་སུ་འཇུག་པའི་དོན་ལས་མི་འདའ་བ་དང་བཞི་ལ་འབད་ཅིང་བསླབ་པ་གལ་ཆེ༔ དེ་ལྟར་འབད་ན་འགོང་པོ་རྩད་ནས་ཆོད་དེ་འཁོར་བའི་རྒྱུན་ལྡོག་པར་གདའ་ཡིས་གསུངས༔ 11. གཏོང་ཐོབ་ཀྱི་ས་མཚམས་ལས་ཐོབ་པའི་དུས་ནི། བླ་མ་ལས་མན་ངག་ཐོབ་པའི་དུས་ནས་འཐོབ༔ གཏོང་བའི་དུས་ནི་རང་བཞིན་མེད་པར་མ་རྟོགས་གཟུང་འཛིན་རང་ཁ་མའི་ཕྱིར་འབྲེང་ན་འཆོར་བས་ག་འཆོར་བས་གཉེན་པོས་སླེབ་པར་གྱིས་ཤིག་གསུངས༔ 12. ཉམས་ན་གསོ་བའི་ཐབས་ནི། སྔར་གྱི་དོན་ལས་མ་ཡེངས་པར་བསླབ༔ གཟུང་འཛིན་གྱི་མདུད་པ་ཤུགས་ཀྱིས་གྲོལ་ནས་འགྲོ་གསུངས༔

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་65ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number