10249

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྟ་བ་ཀླུ་གནོད་སྦྱིན་ལ་སོགས་པའི་རྣམ་གྲངས་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ།

1. ལྷ་ཞེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པའོ། ། 2. ཀླུ་ཞེས་བྱ་བ་ནི་ཀླུ་ཕྲ་མོ་རྣམས་སོ། ། 3. གནོད་སྦྱིན་ཞེས་བྱ་བ་ནི་ལྷའི་གནས་སུ་མཆོད་པར་བྱ་བ་གཏོར་མ་ལེན་པ་རྣམས་སོ། ། 4. ནམ་མཁའ་ལྡིང་ཞེས་བྱ་བ་ནི་འདབ་བཟང་རྣམས་སོ། ། 5. དྲི་ཟ་ཞེས་བྱ་བ་ལྷ་རྣམས་ཀྱིས་གླུ་དང་རོལ་མོ་བྱེད་པ་རྣམས་སོ། ། 6. མིའམ་ཅི་ཞེས་བྱ་བ་ནི་དུད་འགྲོ་མིའི་རྣམ་པ་ཅན་ཤིན་ཏུ་གཟུགས་བཟང་པོ་དང་ལྡན་པ་རྣམས་སོ། ། 7. ལྟོ་འཕྱེ་ཆེན་པོ་ཞེས་བྱ་བ་ནི་ཀླུ་ཆེན་པོ་སྟེ། དགའ་བོ་དང་། ཉེ་དགའ་ལ་སོགས་པ་ཀླུའི་བདག་པོ་རྣམས་སོ། ། 8. ཡི་དྭགས་ཞེས་བྱ་བ་ནི་རྐང་པ་ཕྱིར་ལྟ་བ་ལྟོགས་པ་རྣམས་སོ། ། 9. ཤ་ཟ་ཞེས་བྱ་བ་ནི་ཡི་དྭགས་ཀྱི་བྱེ་བྲག་སྟེ་ཤ་དང་ཁྲག་ཟ་བ་ནག་པོ་ཆེན་པོ་ལ་སོགས་པ་དག་གོ ། 10. གྲུལ་བུམ་ཞེས་བྱ་བ་ནི་ཡི་དྭགས་ཀྱི་རྣམ་པ་ཉིད་དོ། ། དེ་དག་གི་ཡན་ལག་གི་རྣམ་པ་འབྲས་བུ་བུམ་པ་འདྲ་བ་སྟེ། བུམ་སྣ་ལ་སོགས་པའོ། ། 11. སྦུལ་པོ་ཞེས་བྱ་བ་ནི་ཡེ་དྭགས་ཀྱི་བྱེ་བྲག་ཉིད་དོ། ། 12. ལུས་སྲུལ་པོ་ཞེས་བྱ་བ་ཡང་ཡི་དྭགས་ཀྱི་བྱེ་བྲག་ཉིད་དོ། །

Tibetan Source 《བསྟན་འགྱུར་ཙུ་པ་》ཤ་261བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number