10273
Jump to navigation
Jump to search
Tibetan | དགེ་སློང་ཡོངས་སུ་དག་པ་ལེན་པའི་ཀུན་ཏུ་སྤྱོད་པའི་ཆོས་མི་བྱ་བ་བཅུ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འདུལ་བའི་མདོ་ལས་བྱུང་བ་སྟེ།
1. ཡོངས་སུ་དག་པ་བླངས་ནས་བརྒྱུག་པར་མི་བྱ་བ། 2. མགྱོགས་པར་མི་བྱ་བ། 3. མཆོང་བར་མི་བྱ་བ། 4. ཕྱི་རོལ་ལ་མཆོང་བར་མི་བྱ་བ། 5. འོབས་ལ་མཆོང་བར་མི་བྱ་བ། 6. བང་རིམ་ལ་མཆོང་བར་མི་བྱ་བ། 7. སྟེང་གི་ནམ་མཁའ་ལ་འདུག་པར་མི་བྱ་བ། 8. མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་མི་བྱ་བ། 9. གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ་བ། 10. གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་ཏུ་འཛེག་པར་མི་བྱ་བ། 11. ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱ་བ། 12. གཉིད་ལོག་པར་མི་བྱ་བ། 13. སྙོམས་པར་འཇུག་པ་མི་བྱ་བ་དང་བཅུ་གསུམ་མོ། |
Tibetan Source | 《བསྟན་འགྱུར་འདུལ་བ་ཝུ་པ་》ཤ་205ན་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |