10286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཏོར་མའི་དེ་ཉིད་མ་ཤེས་པའི་སྐྱོན་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།

1. ཆུ་མ་བླུགས་ན་སྤེལ་བར་མི་ནུས། 2. བྱིན་གྱིས་མ་རླབས་ན་རྒྱལ་བ་དང་དམ་ཚིག་ཉམས། 3. བསྔོ་བ་ལོག་ན་སྒྲིབ་པ་གསོག 4. མ་འབྱོང་ན་ལུང་སྐུམ་གྱི་རི་དྭགས་སུ་སྐྱེ། 5. རྒྱུ་རྐྱེན་མ་ཚང་ན་མགྲོན་མི་འཚོགས། 6. མགྲོན་མ་འཚོགས་ན་བཏང་བའི་འབྲས་བུ་མེད། 7. རྫས་མ་འཚོགས་ན་སྤྱན་དྲངས་ཀྱང་མི་འབྱོན། 8. དམ་རྫས་མ་ཤེས་ན་ལྷའི་ཆད་པ་འོང་། ། 9. ཆོ་ག་གཞུང་མ་བསྲུང་ན་སྲུང་མའི་ཆད་པ་འོང་། 10. མ་བཏང་ན་བསམ་པ་མི་འགྲུབ། 11. སྒྲུབ་པ་མ་ཐོན་བར་ལ་ན་བར་ལ་གཏོར་གཤོང་བཤལ་ན་ཆོས་སྐྱོང་མི་འདུ། 12. གཏོར་གཞོང་ཁ་ཕྱིར་བསྟན་ནས་ཕོ་ན་དངོས་གྲུབ་ལོག 13. གཏོར་མ་གཏོང་ཁར་མ་སྒུལ་ན་ལེན་མི་ནུས་པ་བཅས་སོ། ། ཤེས་པའི་ཡོན་ཏན་ནི་དེ་ལས་བཟློག་པའོ། །

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་25ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number