10290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཐར་གྱིས་སྦྱོར་བའི་ངོ་བོ་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་དོན་དུ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་མ་ལུས་པ་རྟ་རྒྱུག་པ་ལྟར་དཀྱུས་ཐོགས་གཅིག་ལ་གོ་རིམ་ངེས་ཅན་དུ་སྒོམ་པའི་སེམས་པའི་རྣལ་འབྱོར་དེ་མཐར་གྱིས་སྦྱོར་བའི་ངོ་བོ་ཡིན་པ་སྟེ།

1. སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་སྦྱོར་བ། 2. ཚུལ་ཁྲིམས་ཕར་ཕྱིན་གྱི་མཐར་གྱིས་སྦྱོར་བ། 3. བཟོད་པའི་ཕར་ཕྱིན་གྱི་མཐར་གྱིས་སྦྱོར་བ། 4. བརྩོན་འགྲུས་ཕར་ཕྱིན་གྱི་མཐར་གྱིས་སྦྱོར་བ། 5. བསམ་གཏན་ཕར་ཕྱིན་གྱི་མཐར་གྱིས་སྦྱོར་བ། 6. ཤེས་རབ་ཕར་ཕྱིན་གྱི་མཐར་གྱིས་སྦྱོར་བ། 7. སངས་རྒྱས་དཀོན་མཆོག་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ། 8. ཆོས་དཀོན་མཆོག་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ། 9. དགེ་འདུན་དཀོན་མཆོག་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ། 10. མི་མཐུན་ཕྱོགས་ལས་ལྡོག་པར་མཚོན་པ་ཚུལ་ཁྲིམས་རྗེས་སུ་མཐར་གྱིས་སྦྱོར་བ། 11. དགེ་བ་ལ་འཇུག་པར་མཚོན་པ་གཏོང་བ་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ། 12. དགེ་མི་དགེ་བྱེད་པའི་དཔང་པོ་ཉིད་དུ་ལྷ་ཡེ་ཤེས་སྤྱན་ལྡན་དང་བླ་མ་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ། 13. དེ་བཅུ་གཉིས་པོ་ཐམས་ཅད་ལ་དངོས་མེད་རྟོགས་ཀྱི་མཐར་གྱིས་སྦྱོར་བ་བཅས་སོ། ། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས། རྒྱུན་མཐའི་སྔ་ལོགས་ཚུན་ཆད་ལ་ཡོད་དོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་360.21ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number