1031
Jump to navigation
Jump to search
| Tibetan | སྒྲ་རྣམ་པ་གསུམ། |
|---|---|
| Tibetan Alternate | |
| Tibetan Definition | ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་ཁག་གཅིག་སྟེ།
1.ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ནི། སེམས་དང་སེམས་ལས་བྱུང་བས་ཡོངས་སུ་བཟུང་བ་སྟེ། གང་ལུས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ལག་པ་དང་ངག་གི་སྒྲ་ནི་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། ། 2.མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ནི། སེམས་དང་སེམས་ལས་བྱུང་བས་ཡོངས་སུ་མ་བཟུང་བ་སྟེ། གང་རླུང་དང་ནགས་ཚལ་དང་ཆུའི་སྒྲ་ནི་མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། ། 3.གཉི་གའི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ནི། གང་ཟིན་པའི་འབྱུང་བ་ཆེན་པོ་བཞི་ཡང་ཡོད་ལ་མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ཡང་ཡོད་པ་ལས་བྱུང་བ་སྟེ། དེ་ཡང་ལག་པ་དང་རྔ་ལ་སོགས་པ་ཕྲད་པ་ལས་བྱུང་བའི་སྒྲ་ནི་གཉི་གའི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། ། |
| Tibetan Source | 《བསྟན་འགྱུར་སེམས་ཙམ་སི་པ་》ཤ་39བ་1ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |