10314

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བར་དུ་ཆོད་པའི་ཟུང་ལྡན་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། བར་དུ་ཆོད་པའི་ཟུང་ལྡན་གྱི་ངོ་བོ་ནི། ཟུང་ལྡན་ཚིག་གི་སྔ་ཕྱིའི་བར། ། གཞན་གྱིས་ཆོད་གང་ཆོད་པའི་ཟུང་། ། ཞེས་སོ།. །. དེའི་དབྱེ་བ་བཅུ་གསུམ་ལས།. དང་པོ་རྐང་པ་གཉིས་ལ་ཡོད་པ་དྲུག་ལས།

1. རྐང་པ་དང་པོ་གཉིས་ཀྱི་ཐོག་མར་ཆོད་པ། 2. རྐང་པ་དང་པོ་དང་གསུམ་པའི་ཐོག་མར་ཆོད་པ། 3. རྐང་པ་དང་པོ་དང་བཞི་པའི་ཐོག་མར་ཡོད་པ། 4. རྐང་པ་གཉིས་པ་དང་གསུམ་པའི་ཐོག་མར་ཆོད་པ། 5. རྐང་པ་གཉིས་པ་དང་བཞི་པའི་ཐོག་མར་ཆོད་པ། 6. རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ་དང་དྲུག་། གཉིས་པ་རྐང་པ་གསུམ་ལ་ཡོད་པ་གསུམ་ལས། 1. དང་པོ་གསུམ་གྱི་ཐོག་མར་ཆོད་པ། 2. དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ། 3. ཕྱི་མ་གསུམ་གྱི་ཐོག་མར་ཆོད་པ་དང་གསུམ་མོ། ། གསུམ་པ་རྐང་པ་བཞི་ལ་ཡོད་པ་གཅིག་བཞི་པ་རྐང་པོ་བཞི་ལ་ཆ་གཉིས་སུ་ཡོད་པ་གསུམ་ལས། ། 1. རྐང་པ་དང་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ། 2. དང་པོ་དང་གསུམ་པ་འདྲ་ཞིང་གཉིས་པ་བཞི་པ་འདྲ་བ། 3. དང་པོ་གཉིས་པ་འདྲ་ཞིང་གསུམ་པ་དང་བཞི་པ་འདྲ་བ་དང་གསུམ་བཅས་བཅུ་གསུམ་མོ། ། དེ་རྣམས་ཀྱི་ནང་ནས་ཚིག་རྐང་དང་པོ་གསུམ་པ་འདྲ་ཞིང་གཉིས་པ་དང་བཞི་པ་འདྲ་བའི་དཔེར་བརྗོད་མཚོན་དོན་དུ་བོད་མཁས་པས། གྱ་གྱུའི་རྦ་རླབས་འཁྲུགས་པ་ཡིད་ཀྱི་མཚོ། ། རྙོག་མ་ཅན་གྱིས་གང་བའི་དུས་མཐའ་ན། །གྱ་གྱུ་སྤངས་པ་དྲང་པོའི་བརྟུལ་ཞུགས་ལས། ། རྙོག་མེད་སེམས་ཀྱི་བཟོད་པ་ཇི་ལྟར་ཐོབ། །ཅེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འ་བྱེད་》མཚོ་སྔོན་ལྕགས་པར་མ་ཤ་67.16ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number