10339

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྷག་མ་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པ་ལས་ཉེས་པ་ཆེ་ཤོས་ཕམ་པ་བཞི་ཡིན་ཅིང་། དེའི་འོག་ཉེས་པ་ཆེ་བ་ལྷག་མ་བཅུ་གསུམ་ཡོད་པ་དེ་ལ་དགེ་འདུན་ལྷག་མ་བརྗོད་པ་དེ་ནི་དགེ་འདུན་ཚོགས་པའི་དབུས་སུ་མཐོལ་བཤགས་བྱས་ནས་ཉེས་པ་དག་པ་ཙམ་ཞིག་ལྷག་མར་ནུས་པས་དགེ་འདུན་ལྷག་མ་བརྗོད་པའི་ལྷག་མ་བཅུ་གསུམ་གང་ཞེ་ན། ལྷག་མའི་སྡོམ་ནི། ཁུ་བ་འབྱིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། ། ཁང་པ་ཁང་ཆེན་དང་ནི་གཞི་མེད་དང་། ། བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། ། ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། ། ཞེས་གསུངས་པ་ཞིབ་པར་བཀྲལ་ན།

1. ཁུ་བ་འབྱིན་པའི་ལྷག་མ། 2. རེག་པའམ་འཛིན་པའི་ལྷག་མ། 3. འཁྲིག་ཚིག་སྨྲ་བའི་ལྷག་མ། 4. བསྙེན་བཀུར་བསྔགས་པའི་ལྷག་མ། 5. སྨྱན་བྱེད་པའི་ལྷག་མ། 6. མི་རུང་བའི་ཁང་པ་རྩིག་པའི་ལྷག་མ། 7. ཚད་ལས་རྒལ་བའི་ཁང་ཆེན་རྩིག་པའི་ལྷག་མ། 8. གཞི་མེད་ཀྱི་སྐུར་པ་འདེབས་པའི་ལྷག་མ། 9. བག་ཙམ་གྱིས་སྐུར་པ་འདེབས་པའི་ལྷག་མ། 10. དགེ་འདུན་དབྱེན་བྱེད་པའི་ལྷག་མ། 11. དེའི་རྗེས་སུ་ཕྱོགས་པའི་ལྷག་མ། 12. ཁྱིམ་སུན་འབྱིན་པའི་ལྷག་མ། 13. བཀའ་བློ་མི་བདེ་བའི་ལྷག་མ་བཅས་སོ། ། འདི་ཡི་ཐ་མ་གསུམ་ནི་བསྒོ་བ་ལྔ་ལས་མ་འདས་བར་དུ་ལྷག་མ་དངོས་གཞི་མི་བསྐྱེད་དོ། ། བསྒོ་བ་ལྔ་ནི། གསོལ་བཞིའི་ལས་ཀྱི་གསོལ་བ། བརྗོད་པ་དང་པོ། བརྗོད་པ་གཉིས་པ། བརྗོད་པ་གསུམ་པའི་ཆ་གཉིས་རྫོགས་པ་ཡན་ཡིན་ནོ། ། ལྷག་མ་བཅུ་གསུམ་གང་རུང་བྱུང་ནས་ཞག་གྲངས་མ་འདས་ན་མགུ་བ་སྤྱོད་པ། དབྱུང་བ་སྤྱོད་པ་གཉིས་ལས་མི་དགོས། ཞག་གྲུངས་འདས་ན་སྤོ་མགུ་དབྱུང་བ་གསུམ་ཀ་མ་བྱས་བར་དུ་བཤགས་ཚུལ་མེད་དོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་501.2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number