10362

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐེག་ཆེན་གྱི་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་བཅུ་བཞི།
Tibetan Alternate
Tibetan Definition 1.སྦྱོར་བ་སྒོམ་སྟོབས་ཀྱི་བདུད་ཀྱིས་མཐུ་བཅོམ་པའི་ཡོན་ཏན།
2.སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན། 

3.སངས་རྒྱས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པར་མཛད་པའི་ཡོན་ཏན། 4.རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བའི་ཡོན་ཏན། 5.སངས་རྒྱས་དང་ཕྲད་པ་ལ་སོགས་པ་དོན་ཆེ་བ་འབྲས་བུ་ཆེ་བ་མཐོ་རིས་སུ་སྐྱེ་བ་རྒྱུན་མི་འཆད་དུ་ལེན་པས་རྣམ་པར་སྨིན་པ་ཆེ་བའི་ཡོན་ཏན། 6.རང་གང་དུ་སྐྱེ་བའི་ཡུལ་སངས་རྒྱས་ཀྱིས་ལུང་བསྟན་པ་ཡུལ་སྤྱོད་པའི་ཡོན་ཏན། 7.ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་ཡོན་ཏན། 8.ཡུམ་གྱི་དོན་སྨྲ་བའི་སྐྱེས་བུ་ཉིད་དུ་འགྱུར་བའི་ཡོན་ཏན། 9.མི་མཐུན་ཕྱོགས་བདུད་ལས་ཀྱིས་མི་ཚུགས་པའི་ཡོན་ཏན། 10.དགེ་བའི་རྩ་བ་ཉན་རང་དང་ཐུན་མོང་མ་ཡིན་པ་བསྐྱེད་པའི་ཡོན་ཏན། 11.དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་ཡོན་ཏན། 12.ཆོས་ཟབ་མོ་ལ་མོས་པའི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན། 13.སེམས་ཅན་གྱི་དོན་དུ་རང་གི་བདོག་པ་ཐམས་ཅད་སྟེར་བས་དོན་སྒྲུབ་པའི་ཡོན་ཏན། 14.ཚེ་རབས་གཞན་དུ་ཤེར་ཕྱིན་ཚང་བ་ངེས་པར་ཐོས་པས་ཡུམ་ངེས་པར་ཐོབ་པའི་ཡོན་ཏན་བཅས་སོ། ། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་ས་ཡི་བར་དུའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་345.13ལས་ བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number