10373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་དགག་སྒྲུབ་བཅུ་བཞི་རེ།
Tibetan Alternate
Tibetan Definition དང་པོ།སྒྲུབ་པའི་དམ་ཚིག་བཅུ་བཞི་ནི། །

1.དཀོན་མཆོག་གསུམ་བཟུང་བ་སྟེ་རྣམ་སྣང་གི་དམ་ཚིག་གསུམ། ། 2.རྡོ་རྗེའི་ཕྱག་རྒྱ་དང་། དྲིལ་བུའི་ཕྱག་རྒྱ། སློབ་དཔོན་བཟུང་བ་སྟེ་རྡོ་རྗེའི་རིགས་ཀྱི་དམ་ཚིག་གསུམ། 3.ཆོས་དང་། ཟང་ཟིང་དང་། མི་འཇིགས་པ་དང་། བྱམས་པའི་སྦྱིན་པ་སྟེ་རིན་ཆེན་རིགས་ཀྱི་དམ་ཚིག་བཞི། ། 4.ཐེག་པ་གསུམ་འཛིན་པ་སྟེ་པདྨའི་རིགས་ཀྱི་དམ་ཚིག་གསུམ། ། 5.མཆོད་པའི་ལས་ལ་བརྩོན་པའི་ལས་ཀྱི་རིགས་ཀྱི་དམ་ཚིག་གཅིག་བཅས་སོ།

གཉིས་པ། དགག་ཕྱོགས་བཅུ་བཞི་ནི།

1.དཀོན་མཆོག་གསུམ་མི་སྤང་བ། 2.བྱང་སེམས་མི་འདོར་བ། 3.ལྷ་རྣམས་ལ་མི་སྨད་པ། 4.སྔགས་རྒྱ་ལ་མི་སྨད་པ། 5.སློབ་དཔོན་ལ་མི་བརྙས་པ། 6.བླ་མའི་བཞོན་པ་སོགས་དང་མཚོན་ཆ་ཕྱག་མཚན་ལ་མི་འགོམ་པ།། 7.བཟའ་བྱ་མིན་པ་མི་བཟའ་བ། 8.གསང་བའི་ཡེ་ཤེས་མི་བསྒྲིག་པ། 9.སྔགས་རྒྱུའི་བསླབ་པ་མི་འདོར་བ། 10.གནོད་འཚེ་མི་བྱ་བ། 11.ཐེག་དམན་ལ་མི་དགའ་བ། 12.སེམས་ཅན་གྱི་དོན་ལ་དཀའ་བས་མི་སྐྱོ་བ། 13.ཕྱིན་དྲུག་གི་སྤྱོད་པ་མི་འདོར་བ། 14.བྱ་མིན་མི་བྱ་བ་བཅས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་བར་ཆ་ཤ་148.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number