104

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གྲུབ་མཐའི་ཚུལ་གྱི་མཚན་ཉིད་གཉིས།
Tibetan Alternate
Tibetan Definition དེ་ཡང་། ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམསས་དཔའ་ཐམས་ཅད་ཀྱི་གྲུབ་པའི་མཐའི་མཚན་ཉིད་རྣམ་པ་གཉིས་ཏེ།

1.གྲུབ་པའི་མཐའི་ཚུལ་ནི། སོ་སོ་རང་གིས་རིག་པའི་བྱེ་བྲག་གི་མཚན་ཉིད་ཐོབ་པ་ལ་དམིགས་པ། ཚིག་དང་ཡི་གེའི་རྣམ་པར་རྟག་པ་དང་བྲལ་བ། ཟག་པ་མེད་པའི་དབྱིངས་སུ་འཇུག་པ། རང་གིས་རྟོགས་པའི་སའི་རང་གི་མཚན་ཉིད་ཡང་དག་པ་མ་ཡིན་པ། རྟོག་པ་ཅན་གྱི་འདུ་ཤེས་ཐམས་ཅད་སྤངས་པ། མུ་སྟེགས་ཅན་དང་། བདུད་ཐམས་ཅད་བཏུལ་ནས་སོ་སོ་རང་གིས་རིག་པའི་ཚུལ་ལ་དམིགས་པའི་འོད་ཀྱིས་རྣམ་པར་མཛེས་པ་དེ་ནི། གྲུབ་པའི་མཐའི་མཚན་ཉིད་ཅེས་བྱའོ། ། 2.བཤད་པའི་ཚུལ་ནི། གསུང་རབ་ཡན་ལག་རྣམ་པ་དགུ་སྣ་ཚོགས་སུ་བཤད་པ་ཡིན་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པའི་མཚན་ཉིད་སྤངས་པ་ཐབས་མཁས་པས་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ནས་རྣམ་པར་གྲོལ་བ་འཐོབ་པར་བྱེད་པ་དེ་ནི་བཤད་པའི་ཚུལ་གྱི་མཚན་ཉིད་ཅེས་བྱའོ། །

Tibetan Source 《མདོ་ཙ་པ་》ཤ་394ན་༢ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number