10417
Tibetan | ས་དགྲའི་གནོད་པ་བཟློག་པའི་ཐབས་བཅུ་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་ལྟར་ན་ཁག་གཉིས་ཡོད་པ་སྟེ།
1.ཤར་ཕྱོགས་ཀྱི་ས་དགྲ་ཐམས་ཅད་ཀྱི་གཤེད་ནི་ལྕགས་ཀྱི་གཞི་མ་ལ་ཟངས་ཀྱིས་ཆུ་སྲིན་གྱི་གཟུགས་བྲིས་ཏེ་ཁང་པའི་ཤར་དུ་བཞག་ན་ཤར་གྱི་ས་དགྲ་ཐམས་ཅད་ཐུབ་ངེས་སོ། 2.ལྷོའི་ས་དགྲ་ཐམས་ཅད་ཀྱི་གཤེད་ནི་ཆུ་རྡོའི་གཞི་མ་ལ་དངུལ་གྱིས་སེང་གེ་བྲིས་པ་ཁང་པའི་ལྷོར་བཞག་པས་ཐུབ་ངེས་སོ། 3.ནུབ་ཀྱི་ས་དགྲ་ཐམས་ཅད་ཀྱི་གཤེད་ཟངས་ཀྱི་གཞི་ལ་སྣག་ཚས་འབྲུག་གི་གཟུགས་བྲིས་ཏེ་ཁང་པའི་ནུབ་ཏུ་བཞག་ན་ཐུབ་ངེས་སོ། 4.བྱང་གི་ས་དགྲ་ཐམས་ཅད་ཀྱི་གཤེད་ཀྱི་གསེར་གྱི་རྡོ་དག་ལ་གསེར་གྱིས་རུས་སྦལ་གཟུགས་བྲིས་ཏེ་ཁང་པའི་བྱང་དུ་བཞག་པས་ཐུབ་ངེས་སོ། 5.བྱང་ཤར་གྱི་ས་དགྲ་རྡོ་རྗེས་ཐུབ་ལ་ཤར་ཕྱོགས་ས་དགྲ་ཡོད་པ་ན་ས་རྡོ་བླངས་གནོད་པ་ཁྱེར་ཞེས་བྲིས་ཏེ་དེ་ཕྱོགས་བཞག་ཅིང་ངག་ནས་ངན་པ་ཁྱེར་བརྗོད་པས་ཐུབ། 6.ཤར་ལྷོ་དང་ལྷོ་དང་ནུབ་གསུམ་གྱི་ས་དགུ་སཱཙྪ་སྣ་ལྔས་བཟློག་གོ ། 7.ནུབ་ཕྱོགས་ས་དགྲ་མི་ཡི་ཕོ་མཚན་གྱིས་བཟློག ། 8.ནུབ་བྱང་དང་བྱང་གཉིས་ཀྱི་ས་དགྲ་མཆོད་རྟེན་གྱིས་བཟློག་གོ ། 9.གངས་རྩེ་མཐོང་ན་དེའི་མཐོང་བའི་ས་རྡོ་བླངས་ལ་དེའི་ཕྱོགས་ཀྱི་ས་གཏིང་བྲུས་པར་ས་རྡོ་སྦས་ཏེ་སཱཙྪ་རབ་གནས་གསུམ་དང་རྡོ་རྗེ་རྒྱ་གྲམ་དང་རི་རབ་གླིང་བཞིས་ཁ་བཅད་པས་ཐུབ་བོ། 10.ས་དགྲ་སྤྱིའི་བཟློག་ཐབས་ནི། གང་བྱུང་བ་དེ་ནས་རྡོ་བླངས་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་དེ་བལ་ཚོན་སྣ་ལྔས་དཀྲིས་ནས་གོང་མོའི་ངོས་ལ་དཀར་ཁུང་བྱས་ཏེ་གང་གནོད་པའི་ཕྱོགས་ལ་བསྟན་པས་ཐུབ་བོ། 11.ཡུལ་ཁམས་བཀྲ་ཤིས་པར་འདོད་པས་ཤར་དུ་ལྗོན་ཤིང་ཁྱད་འཕགས་འཛུགས་པ། 12.ལྷོར་བུམ་གཏེར་བཟང་པོ་གཞུག་པ། 13.ནུབ་ཏུ་རིགས་གསུམ་མགོན་པོ་བརྩིག་པ། 14.བྱང་དུ་མཆོད་ཁང་བཞེངས་པའོ། ། སློབ་དཔོན་རིན་པོ་ཆེའི་རྡོ་རྗེའི་བཀའ་ལས། འབྱུང་བཞིའི་དག་ཤེད་གང་ལ་གང་ཤར་ཡང༔ འབྱུང་ལྔ་མ་བུ་དགྲ་གྲོགས་ཁམས་བསྟུན་ཏེ༔ འབྱུང་བཞིའི་ས་བོན་རི་མོ་བྲིས་པའི་གཟུགས༔ ཕ་རོལ་ས་དགྲ་ཚུར་ལ་མ་སྡང་ཡང༔ རང་གི་ས་གཡང་ཆུང་དང་མི་ནོན་དང་ཐུ་བ་ཤོར་དང་དམུ་ཐག་ཆད་པ་སོགས༔ མི་མཐུན་གནོད་པའི་ཚོགས་རྣམས་གསོ་བའི་ཐབས༔ 1.ས་གཡང་ཆུང་ན་རྫས་བརྒྱད་རི་མོས་གསོ༔ 2.ནོན་པར་དཀའ་ན་མཆོད་རྟེན་དཀྱིལ་དུ་རྒྱབ༔ 3.ཐུ་བ་ཤོར་ན་ཚྭ་ཚྭ་བཞག་པས་བཟློག༔ 4.དམུ་ཐག་ཆེད་ན་རྩེ་བསྟོད་དམུ་ཐག་འཐེན། 5.ཀླུ་ས་ཆེ་ན་བྱ་ཁྱུང་རི་མོ་བྲི༔ 6.རྒྱབ་རི་ལྷུང་ཐབས་འདྲ་ན་མཆོད་རྟེན་བརྩིགས༔ 7.མོ་ཡི་མཚན་མ་འདྲ་ན་ཕོ་མཚན་གཟུགས༔ 8.གཞན་ཡང་ས་དགྲ་ཆེ་ཆུང་སྣ་ཚོགས་ལ༔ འབྱུང་ལྔའི་ཁམས་དང་དགྲ་གྲོགས་ཕྱོགས་མི་མཐུན༔ གཞན་གྱིས་བཟློག་ཐབས་མེད་པའི་རིགས་རྣམས་ལ༔ འབྱུང་ལྔའི་ཁམས་དང་དགྲ་གྲོགས་ཕྱོགས་མི་མཐུན༔ གཞན་གྱིས་བཟློག་ཐབས་མེད་བའི་རིགས་རྣམས་ལ༔ རིན་ཆེན་འབར་བ་ཉི་ཟླ་ལ་སོགས་པའི༔ བཀྲ་ཤིས་ཡོན་ཏན་ལྡན་པའི་རི་མོ་བྱ༔ ཞེས་གསུངས་པ་ལྟར་བྱ་དགོས་སོ། ། |
Tibetan Source | 《མདོ་རྒྱུད་མཛོད་ཧ་པ་》ཤ་665.19ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |