10424

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསྲུང་བཞི་ངན་པ་བཅུ་བཞི།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ། དེ་ཡང་ལམ་སྟག་སྐྱ་ཡིན། ཆུ་འབྲུག་ཡིན། ན་དང་ཚལ་བྲག་བྱ་ཡིན། བྲག་དང་ནེའུ་རུས་སྦལ་ཡིན་ནོ། །

1.ནུབ་ཀྱི་སྟག་རོ་ལམ་ཡིན། 2.བྱང་སྟག་དགྲའི་ཞོན་རྟ་ཡིན། 3.བྱང་གི་བྱ་ཐན་བྱ་ཉིད་བྱ་རྒོད་ཅེས་ངན་པ་ཡིན། 4.ཕྱོགས་བཞིའི་ལྷ་ཚང་ཡང་སྟག་དགྲ་ཤུ་དང་རི་སྣ་ཟུག་པ། 5.འབྲུག་དགྲ་ཆུ་ལ་ཟམ་པ་བཙུག་པ། 6.བྱ་དགྲ་ལྡེབས་དང་ལམ་གྱིས་ཆོད་པ། 7.རུས་སྦལ་གྱི་དགྲ་ཕུག་པ་དང་དབེན་རྩ་ཡོད་པ་སྟེ་དགྲ་ཟུག་པ་ངན་ནོ། ། 8.ལམ་གྱི་དབུས་ན་ཆུ་ངན་ཤར་ཤར་འབབ་པ་སྟག་གིས་རོ་ཁུར་ཡིན། 9.ཆུའི་དཀྱིལ་དུ་ནེའུ་དང་ས་ཆགས་ན་འབྲུག་གིས་རོ་ཁུར་ཡིན། 10.ཚལ་ནའི་དཀྱིལ་དུ་ནེའུ་དང་ས་ཤལ་ཡོད་ན་བྱས་རོ་ཁུར་ཡིན། 11.ནེའུའི་ཁར་ལམ་འགོ་ཆད། ན་ཁ་མཐའ་མེད་ལམ་འོག་ཆད། བྲག་སྟེང་སྡོང་པོ་རྩ་བ་ཆད་པ།.ཤིང་རུལ་མགོ་ཟླུམ་ཡོད་པ་རྣམས་བྱང་གི་རུས་སྦལ་རོ་ཁུར་ཡིན་པས་རོ་ཁུར་རྣམས་ཤིན་ཏུ་ངན་ནོ། ། 12.ཤར་དུ་རི་ཆེ་བ། 13.བྱང་གི་གནམ་ཆེ་པ། 14.ནུབ་ཏུ་ཐང་ཆེ་བ་བྱུང་ན་ངན་པ་བཅས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཧ་པ་》ཤ་662.16ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number