10430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐུ་གསུམ་རེ་རེ་ཞིང་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྔ་རེས་དབྱེ་བའི་རྣམ་གྲངས་བཅོ་ལྔ།
Tibetan Alternate
Tibetan Definition 1.ཆོས་ཀྱི་སྐུ་ནི་སྐུ་དང་། གསུང་། ཐུགས། ཡོན་ཏན། འཕྲིན་ལས་ལྔ་ནི། ཐལ་འགྱུར་རྩ་བའི་རྒྱུད་ལས། སྐུ་ནི་སྟོང་དང་གསལ་བ་དང་། ། མཚན་མ་མེད་པའི་རང་བཞིན་ནོ། ། གསུང་སྒྲ་ཚིག་མིང་བྲལ་ནས་ནི། ། བརྗོད་ཅིང་གླེང་བ་ཉིད་བྲལ་ལོ། ། ཐུགས་ནི་བསམ་དང་འགྱུ་མེད་པས། ། འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། ། ཡོན་ཏན་ཕྱིར་འོང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། ། རང་བཞིན་བཅོས་པ་མེད་པའོ། ། འཕྲིན་ལས་མ་བྱུང་མ་སྐྱེས་པ། ། ཤུགས་འབྱུང་བ་དང་འགག་པ་མེད། ། མ་བྱས་བྱས་པ་མེད་པའོ། །

2.ལོངས་སྐུ་ལ་ཡང་སྐུ་དང་། གསུང་། ཐུགས། ཡོན་ཏན། འཕྲིན་ལས་ལྔ་ནི། སྐུ་ནི་སྣང་ལ་རང་བཞིན་མེད། ། གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང་། ། སྤྲོ་བསྡུ་རྣམ་པའི་འཁོར་ལོའོ། ། ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་། ། མཁྱེན་པའི་རྩལ་དང་དགོངས་པའོ། ། ཡོན་ཏན་མཚན་དཔེ་རྫོགས་པ་ལ། ། དགོངས་གསལ་མངོན་ཤེས་རྫོགས་པའོ། ། འཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། ། ཕྱི་ནང་གསང་བ་རྣམས་འཕྲོས་ཏེ། ། སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། ། རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་ སྟོན། ། 3.སྤྲུལ་པའི་སྐུ་ཡང་སྐུ་དང་། གསུང་། ཐུགས། ཡོན་ཏན། འཕྲིན་ལས་ལྔ་ནི། སྐུ་ནི་མཚན་དང་དཔེ་བྱད་ལ། ། གདུལ་བྱ་གང་འདུལ་ལུས་སྤྲུལ་པ། ། གསུང་ནི་ཚིག་སྦྱོར་ལེགས་པ་ལ། ། ཚངས་པའི་དབྱངས་ནི་ཡན་ལག་དྲུག་ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱིས། ། རང་གཞན་དོན་གཉིས་དགོངས་པར་གནས། ། ཡོན་ཏན་མཁྱེན་པ་རྫོགས་པ་དང་། ། འཕྲིན་ལས་ཕྱི་ནང་གསང་བ་ཡི། ། མཛད་པ་མ་ལུས་རྫོགས་པ་དང་། ། ཕུན་སུམ་ཚོགས་པ་ལྔར་གནས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་241.27 ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number