10439
Jump to navigation
Jump to search
Tibetan | རྒྱུའི་སྐོར་འགོ་བཅོ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོའི་ནང་གསེས་ནག་རྩིས་ཀྱི་ལོ་རྒྱུས་འཇམ་མགོན་དགོངས་བཅུད་ལས་བྱུང་བ་སྟེ།
1.སྐྱེས་པ་དར་མ་མདའ་འགེངས་ནས་མ་བུ་མཐུན་སྦྱོར་རྩིས། 2.རྨ་བྱ་མཇིང་བསྣོལ་ལ་བརྟེན་ནས་བག་མའི་འགྲོ་ལམ་བརྩི་བ། 3.རྒྱ་ཡི་བང་སོ་ཁྲ་བོ་ནས་གནས་དང་ཁང་པའི་རྩིས། 4.རིན་ཆེན་འོད་འབར་ལ་བརྟེན་ནས་ཞིང་ས་བཟང་ངན་བརྩི་པ། 5.ནོར་བུར་བསྟེན་པའི་ནོར་བརྩི་བ། 6.སྦལ་བུ་སེར་པོའི་ཁ་ཉིད་ནས་བྱིས་པའི་བཙས་ཀླུངས་བརྩི་བ། 7.ལྷ་བུ་དམར་པོ་བསྟེན་ནས་འགོ་བའི་ལྷ་ངོས་བཟུང་བ། 8.དུར་བྱས་འདྲེ་ངོས་བཟུང་བ། 9.དཔག་བསམ་ཤིང་གི་སྡོང་པོ་ནས་ཚེ་རབས་ལས་ཀྱི་རྩིས་བརྟག་པ། 10.སྐྱེ་ཤིང་ཀེག་རྩིས་བརྩི་བ། 11.གཡུ་ཤུག་འབར་བའི་སྟེང་ཉིད་ནས་དར་གུད་བཟང་ངན་བརྩི་བ། 12.མི་རོ་དམར་པོས་རོ་བསྲེག་སྒྲུབ་པ་བརྩི་བ། 13.ཐོད་དགུ་བརྩེགས་ཁ་ནས་དུར་གཤེད་བརྟག་པ། 14.ཆད་ནག་དུར་ས་བརྩི་བ། 15.ས་བདག་མགོ་གསུམ་ཕན་པའི་གཏོ་བཅས་སོ། ། |
Tibetan Source | 《བོད་ཀྱི་རྩིས་རིག་ཆེན་མོ་》དེབ་དང་པོ་ཤ་632.22ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |