10447

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་རྣམ་པར་འབྱེད་པ་སྔོན་དུ་འགྲོ་བ་བཅོ་ལྔ།
Tibetan Alternate
Tibetan Definition དེ་ཡང་།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། 1.མཆོག་གི་བསམ་པ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་རྣམས་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་གང་ཡིན་པའོ། ། 2.ཚུལ་ཁྲིམས་ཀྱི་བསམ་པ་ནི། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལས་ལྷག་པའི་བསམ་པ་གང་ཡིན་པའོ། ། 3.ཕ་རོལ་ཏུ་ཕྱིན་པའི་བསམ་པ་ནི། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཡང་དག་པར་འགྲུབ་པར་བྱ་བའི་ལྷག་པའི་བསམ་པ་གང་ཡིན་པའོ། ། 4.དེ་ཁོ་ནའི་དོན་གྱི་བསམ་པ་ནི། ཆོས་དང་གང་ཟག་བདག་མེད་པ་དོན་དམ་པ་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པའོ། ། 5.མཐུའི་བསམ་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུའམ། ལྷན་ཅིག་སྐྱེས་པའི་བསམ་གྱིས་མི་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པའོ། ། 6.ཕན་པའི་བསམ་པ་ནི། སེམས་ཅན་རྣམས་ལ་དགེ་བ་ཉེ་བར་སྒྲུབ་པར་འདོད་པ་ལྷག་པའི་བསམ་པ་གང་ཡིན་པའོ། ། 7.བདེ་བའི་བསམ་པ་ནི། སེམས་ཅན་རྣམས་ལ་ཕན་གདགས་པ་ཉེ་བར་སྒྲུབ་པར་འདོད་པ་ལྷག་པའི་བསམ་པ་གང་ཡིན་པའོ། ། 8.སྡུག་པའི་བསམ་པ་ནི། སེམས་ཅན་རྣམས་ལ་ཟང་ཟིང་མེད་པའི་སེམས་དང་། སྡུག་པའི་རྣམ་པར་སྨིན་པ་དང་། འབྲེལ་བ་མེད་པའི་སེམས་ལྷག་པའི་བསམ་པ་གང་ཡིན་པའོ། ། 9.བརྟན་པའི་བསམ་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་རྩེ་གཅིག་ཏུ་ངེས་པ་ལྷག་པའི་བསམ་པ་གང་ཡིན་པའོ། ། 10.མི་སླུ་བའི་བསམ་པ་ནི། སེམས་ཅན་གྱི་དོན་གྱི་ཐབས་དང་བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྡན་པའི་ལྷག་པའི་བསམ་པ་གང་ཡིན་པའོ། ། 11.མ་དག་པའི་བསམ་པ་ནི། མོས་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པའོ། ། 12.དག་པའི་བསམ་པ་ནི། བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པའོ། ། 13.ཤིན་ཏུ་དག་པའི་བསམ་པ་ནི། མཐར་ཐུག་པརའགྲོ་བའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པའོ། ། 14.ཚར་གཅད་པའི་བསམ་པ་ནི། མ་དག་པའི་བསམ་པ་གང་ཡིན་པ་དེ་ཉིད་ཡིན་ཏེ། སོ་སོ་བརྟག་པར་བྱ་བའི་ ཕྱིར་རོ། ། 15.ལྷན་ཅིག་སྐྱེས་པའི་བསམ་པ་ནི། དག་པ་དང་ཤིན་ཏུ་དག་པའི་བསམ་པ་གང་ཡིན་པ་དེ་ཉིད་ཡིན་ཏེ། རང་བཞིན་གྱིས་དེའི་བདག་ཉིད་དུ་གྱུར་པ་དང་། རྟེན་ལ་ཤིན་ ཏུ་གནས་པའི་ཕྱིར་རོ། །

Tibetan Source 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ་225བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number