10487

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཞན་གྱི་དོན་དང་མཐུན་པ་རྣམ་པ་བཅོ་ལྔ།
Tibetan Alternate
Tibetan Definition དེ་ཡང་།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་ལྟར་ན་ཁག་གཉིས་ཡོད་པ་སྟེ། 1.སྤྱོད་ལམ་དང་ཚུལ་དང་མཐུན་པར་གནས་པ་ལ་ལྟོས་པ། 2.ཆོས་ལ་སེར་སྣ་དང་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་སྟོན་པ། 3.ཚིག་དང་ཡི་གེ་གོ་རིམ་བཞིན་དུ་སྟོན་པ། 4.དོན་གོ་རིམ་བཞིན་དུ་སྟོན་པ། 5.ཆོས་ཀྱང་དོན་དང་ལྡན་པ་དོན་ཀྱང་ཆོས་དང་ལྡན་པར་སྟོན་པ། 6.ཡང་དག་པར་བསྟན་པར་འོས་པ་རྣམས་ལ་ཡང་དག་པར་སྟོན་པ། 7.ཡང་དག་པར་འཛིན་དུ་གཞུག་པར་འོས་པ་རྣམས་ལ་ཡང་དག་པར་འཛིན་དུ་གཞུག་པ། 8.ཡང་དག་པར་གཟེངས་བསྟོད་པར་འོས་པ་རྣམས་ལ་ཡང་དག་པར་གཟེངས་བསྟོད་པ། 9.ཡང་དག་པར་དགའ་བར་བྱ་བར་འོས་པ་རྣམས་ལ་ཡང་དག་པར་དགའ་བར་བྱེད་པ། 10.འཇུག་སླ་བར་སྟོན་པ། 11.ཚད་མ་གསུམ་དང་ལྡན་པར་སྟོན་པ། 12.བདེ་འགྲོར་འགྲོ་བ་དང་། མཐུན་པར་སྟོན་པ། 13.རྣམ་པར་མ་འཁྲུགས་པར་སྟོན་པ། 14.འཕགས་པའི་བདེན་པ་དང་ལྡན་པར་སྟོན་པ། 15.འཁོར་ཐམས་ཅད་དང་ལྡན་པར་སྟོན་པ་བཅས་སོ། ། མདོ་གཞན་ལས། 1.དུས་བཞིན་དུ་སྟོན་པ། 2.བཀུར་སྟི་བཞིན་དུ་སྟོན་པ། 3.གོ་རིམ་བཞིན་དུ་སྟོན་པ། ། 4.མཚམས་སྦྱོར་བ་བཞིན་དུ་སྟོན་པ། 5.རྗེས་སུ་མཐུན་པ་བཞིན་དུ་སྟོན་པ། 6.དགའ་བར་བྱེད་པ་བཞིན་དུ་སྟོན་པ། 7.འདོད་པར་བྱེད་པ་བཞིན་དུ་སྟོན་པ། 8.མགུ་བར་བྱེད་པ་བཞིན་དུ་སྟོན་པ། 9.སྤྲོ་བར་བྱེད་པ་བཞིན་དུ་སྟོན་པ། 10.སྨྲ་མི་འབེབས་པ་བཞིན་དུ་སྟོན་པ། 11.རིགས་པ་བཞིན་དུ་སྟོན་པ། 12.འཚམ་པ་བཞིན་དུ་སྟོན་པ། 13.མ་འདྲེས་པ་བཞིན་དུ་སྟོན་པ། 14.ཆོས་དང་ལྡན་པ་བཞིན་དུ་སྟོན་པ། 15.འཁོར་ཇི་ལྟ་བ་བཞིན་དུ་སྟོན་ཏོ་ཞེས་གསུངས་པ་དང་གོ་རིམ་བཞིན་ནོ། །

Tibetan Source 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ་289ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number