10497

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ཅན་རྣམས་ཀྱི་ལུས་ཚད་རྣམ་པར་གཞག་པ་བཅོ་ལྔ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། །

1.འཛམ་བུའི་གླིང་གི་མི་རྣམས་ནི་ལུས་ཀྱི་ཚད་ནི་ངེས་པ་མེད་དོ། ། རེས་འགའ་ནི་ཆེན་པོར་འགྱུར་རོ། ། རེས་འགའ་ནི་ཆུང་ངུར་འགྱུར་ཏེ། དེ་ཡང་རང་གི་ཁྲུ་ཚད་ཕྱེད་དང་བཞིའོ། ། 2.ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ངེས་པ་ཡིན་ཏེ། དེ་དག་ཀྱང་རང་གི་ཁྲུ་ཕྱེད་དང་བཞི་པ་སྟེ། ལུས་ཤིན་ཏུ་ཆེའོ། ། 3.ནུབ་ཀྱི་བ་གླང་སྤྱོད་པ་རྣམས་ཀྱང་ཤར་གྱི་ལུས་འཕགས་པ་ཇི་ལྟ་བ་བཞིན་དུ་ལུས་ཤིན་ཏུ་ཆེའོ། ། 4.བྱང་གི་སྒྲ་མི་སྙན་པ་རྣམས་ཀྱང་ཤར་གྱི་ལུས་འཕགས་པ་ཇི་ལྟ་བ་བཞིན་དུ་ལུས་ཤིན་ཏུ་ཆེའོ། ། 5.རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་གོ ། 6.སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་ལས་ལྷག་གོ ། 7.ལྷའི་དབང་པོ་བརྒྱ་བྱིན་གྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། ། 8.འཐབ་བྲལ་བ་རྣམས་ཀྱང་རྒྱང་གྲགས་ཕྱེད་དོ། ། དེ་ཡན་ཆད་ནི་དེ་ལས་གཞན་པའི་ལྷའི་རིས་ཐམས་ཅད་ནི་བཞི་ཆ་རེ་རེ་ལྷག་པར་བལྟ་བར་བྱའོ། ། 9.ཚངས་རིས་པ་རྣམས་ནི་དཔག་ཚད་ཕྱེད་དོ། ། 10.ཚངས་པའི་མདུན་ན་འདོན་པ་རྣམས་ཀྱི་ནི་དཔག་ཚད་གཅིག་གོ ། 11.ཚངས་པ་ཆེན་པོ་རྣམས་ཀྱི་ནི་དཔག་ཚད་ཕྱེད་དང་གཉིས་སོ། ། 12.འོད་ཆུང་རྣམས་ཀྱི་ནི་དཔག་ཚད་གཉིས་སོ། ། དེ་ཡན་ཆད་ནི་དེའི་ལྷག་མའི་ལྷའི་རིས་རྣམས་ཀྱི་ལུས་ཀྱི་ཚད་ནི་དེའི་ཉིས་འགྱུར་ཉིས་འགྱུར་དུ་བལྟའོ། ། 13.སྤྲིན་མེད་པ་རྣམས་ཀྱི་ནི་མ་གཏོགས་ཏེ། དེ་ལ་དཔག་ཚད་གསུམ་འབྲི་བར་བྱའོ །། 14.སེམས་ཅན་དམྱལ་བ་ཆེན་པོ་དག་གི་ཚད་ནི་ངེས་པ་མེད་དོ། ། གང་གིས་སྡིག་པ་མི་དགེ་བའི་ལས་ཤིན་ཏུ་དྲག་པོ་བྱས་ཤིང་བསགས་པ་དེའི་ལུས་ནི་ཆེས་ཆེ་བར་འགྱུར་ལ། ། གཞན་དག་གི་ནི་གཞན་དུ་འགྱུར་རོ། ། སེམས་ཅན་དམྱལ་བ་ཆེན་པོ་དག་གི་ཇི་ལྟ་བ་བཞིན་དུ་གྲང་བའི་དམྱལ་བའི་སེམས་ཅན་དམྱལ་བ་རྣམས་དང་། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་དང་། ཉེ་འཁོར་གྱི་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་ཡི་དྭགས་རྣམས་ཀྱང་དེ་དང་འདྲའོ། ། 15.ལྷ་མ་ཡིན་རྣམས་ཀྱི་ལུས་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ཚད་བཞིན་རྣམ་པར་རིག་པར་བྱའོ། ། གཟུགས་མེད་པ་དག་གི་ནི། གཟུགས་མེད་པའི་ཕྱིར་ཚད་མེད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཚི་པ་》ཤ་39ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number