10508
Jump to navigation
Jump to search
Tibetan | ཁྱད་མཚན་བཅུ་དྲུག |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ལམ་ཤེར་ཕྱིན་གྱི་སྦྱོར་བའི་མཚན་ཉིད་གོ་གཅིག་གི་ནང་གསེས་ཁྱད་མཚན་ལ་ཉན་རང་ལས་ཁྱད་པར་འཕགས་པ་སྟེ།
དང་པོ། སྡུག་བདེན་ལ་དམིགས་པའི་ཤེས་བཟོད་བཞི་ནི། 1.བསམ་གྱིས་མི་ཁྱབ་པའི་བདག་ཉིད། 2.མི་མཉམ་པའི་བདག་ཉིད། 3.དེ་ཁོ་ནར་ཚད་མས་གཞལ་བ་ལས་འདས་པའི་སྒྲ། 4.བགྲང་ལས་འདས་པའོ། ། གཉིས་པ། ཀུན་འབྱུང་ལ་དམིགས་པ། 1.འཕགས་པའི་གང་ཟག་གསུམ་གྱི་སྤངས་རྟོག་སྡུད་པ། 2.མཁས་པས་ཤེས་པར་བྱ་བ། 3.ཉན་རང་ཐུན་མོང་མ་ཡིན་པ། 4.ཉན་རང་ལས་མྱུར་བའི་ཤེས་པའོ། ། གསུམ་པ། འགོག་བདེན་ལ་དམིགས་པ། 1.དོན་དམ་པར་བྲི་གང་མེད་པ། 2.ཡིད་བྱེད་དྲག་ཏུ་སྒྲུབ་པ། 3.འཁོར་གསུམ་རྣམ་དག་གིས་སྐལ་པར་ཡང་དག་པར་སྒྲུབ་པ། 4.ཐབས་ཀྱིས་ཟིན་པའི་ཆོས་ཐམས་ཅད་ལ་དམིགས་པའོ། ། བཞི་པ། ལམ་བདེན་དམིགས་པ། 1.ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་བྱང་སེམས་ལམ་གྱི་རྟེན་རིགས་དང་ལྡན་པ། 2.ཕར་ཕྱིན་ཡོངས་སུ་རྫོགས་པའི་རྒྱུ་ཚོགས་པ། 3.ཕྱི་ནང་གི་གཉེན་བཤེས་ཀྱིས་ཡོངས་སུ་བཟུང་བ། 4.ཆོས་ཐམས་ཅད་མངོན་ཞེན་གྱི་རོ་མྱང་མེད་པ་བཅས་སོ། ། |
Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤོག་ངོས་348ཕྲེང་18ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |