10521

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱུ་རྒྱུན་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། རྒྱུ་རྒྱུན་གྱི་ངོ་བོ་ནི། བྱེད་པོ་ཤེས་བྱེད་དངོས་བཏགས་རྒྱུ། ། ཅི་རིགས་གཙོར་སྟོན་རྒྱུ་ཡི་རྒྱན། །ཞེས་སོ། ། དེའི་དབྱེ་བ་བཅུ་དྲུག་ལས།

དང་པོ། དངོས་པོའི་རྒྱུ་དྲུག་ལས། 1.སྐྱེད་བྱེད་འགྲུབ་པའི་རྒྱུ་ནི། དངོས་དེས་སྔར་མེད་འབྲས་སྐྱེད་པ། །སྐྱེད་བྱེད་འགྲུབ་པའི་རྒྱུ་ཡི་རྒྱན། ཞེས་སོ། 2.ཉམས་བྱེད་འགྲུབ་པའི་རྒྱུ་ནི། དངོས་དེས་ཆོས་གཞན་ཉམས་བྱེད་པར། ། སྟོན་གང་ཉམས་བྱེད་འགྲུབ་པའི་རྒྱུ། ། ཞེས་སོ། ། 6.རྣམ་འགྱུར་གྱི་རྒྱུ་ནི། འགྱུར་བྱ་གང་ཞིག་འགྱུར་བྱེད་ཀྱིས། ། བསྒྱུར་བར་སྟོན་པ་རྣམ་འགྱུར་རྒྱུ། ། ཞེས་སོ། ། 4.འཐོབ་བྱའི་རྒྱུ་ནི། འཐོབ་བྱ་གང་ཞིག་ཐོབ་བྱེད་དེས། ། ཐོབ་པར་སྟོན་པ་འཐོབ་བྱའི་རྒྱུ། ། ཞེས་སོ། ། 5.ཕྱི་ཤེས་བྱེད་ཀྱི་རྒྱུ་ནི། གང་ཞིག་བརྗོད་པས་དུས་བཞི་སོགས། ། ཤེས་འགྱུར་ཕྱི་ཡི་ཤེས་བྱེད་རྒྱུ། ། ཞེས་སོ། ། 6.ནང་ཤེས་བྱེད་ཀྱི་རྒྱུ་ནི། གང་ཞིག་བརྗོད་པས་སྐྱེས་བུའི་སེམས། ། ནང་ཁྱད་རྟོགས་བྱེད་ནང་ཤེས་རྒྱུ། ། ཞེས་སོ། ། གཉིས་པ་དངོས་མེད་ཀྱི་རྒྱུ་ལྔ་ལས། 1.སྔ་ན་མེད་པའི་བྱེད་རྒྱུ་ནི། སྔར་མེད་རྒྱུ་དེས་འབྲས་བུ་གཞན། འབྱུང་སྟོན་སྔ་ནས་མེད་བྱེད་རྒྱུ། ། ཞེས་སོ། ། 2.ཞིག་ནས་མེད་པའི་བྱེད་རྒྱུ་ནི། རྒྱུ་འགའ་ཞིག་ལས་འབྲས་བུ་གཞན། ། ཐོབ་སྟོན་ཞིག་ནས་མེད་པའི་རྒྱུ། ། ཞེས་སོ། ། 3.ཕན་ཚུན་མེད་པའི་བྱེད་རྒྱུ་ནི། ཕན་ཚུན་མི་གནས་རྒྱུ་དེས་འབྲས། ། གཞན་ཐོབ་ཕན་ཚུན་མེད་པའི་རྒྱུ། ། ཞེས་སོ །། 4.སྤངས་ནས་མེད་པའི་བྱེད་རྒྱུ་ནི། རྒྱུ་གང་སྤངས་པས་འབྲས་བུ་གཞན། ། ཐོབ་བརྗོད་སྤངས་ནས་མེད་རྒྱུའི་རྒྱུན། ། ཞེས་སོ། ། ། 5.རྒྱུ་མེད་པས་འབྲས་བུ་མེད་པ་སྐྱེད་པ་ནི། རྒྱུ་ལ་འགག་ཚིག་བརྩེགས་མར་སྦྱར། ། བརྟག་པ་མཐའ་བཟུང་ཚིག་བརྗོད་པས། ། འབྲས་བུ་མ་འོངས་མེད་སྐྱེད་སྟོན། ། རྒྱུ་མེད་པས་ནི་འབྲས་མེད་སྐྱེད། ། ཅེས་སོ། ། གསུམ་པ་མཚར་བའི་རྒྱུ་ལྔ་ལས། ། 1.རིང་འབྲས་ཀྱི་རྒྱུ་ནི། རིང་ན་གནས་པའི་རྒྱུ་གང་ལས། ། འབྲས་བུ་སྐྱེད་སྟོན་རིང་འབྲས་རྒྱུ། ། ཞེས་སོ། ། 2.རྒྱུ་འབྲས་ལྷན་ཅིག་པ་ནི། རྒྱུ་དང་འབྲས་བུ་ལྷན་ཅིག་ཏུ། །འབྱུང་སྟོན་རྒྱུ་འབྲས་ལྷན་ཅིག་པ། །ཞེས་སོ། ། 3.རྒྱུ་ལས་འབྲས་བུ་སྔ་བ་ནི། འབྲས་བུ་སྔོན་དང་དེ་རྗེས་རྒྱུ། ། འགྲུབ་སྟོན་རྒྱུ་ལས་འབྲས་བུ་སྔ། ། ཞེས་སོ། ། 4.རིགས་མིན་གྱི་རྒྱུ་ནི། རྒྱུ་དེས་འབྲས་བུ་མི་འོས་པ། ། གཞན་ཞིག་སྐྱེད་སྟོན་རིགས་མིན་རྒྱུ། ། ཞེས་སོ། ། 5.རིགས་པའི་རྒྱུ་ནི། རྒྱུ་དེས་འོས་པའི་འབྲས་བུ་གཞན། ། སྐྱེ་བར་སྟོན་གང་རིགས་པའི་རྒྱུ། ། ཞེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་593.19ཤལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number