10572
Tibetan | བྱང་ཆུབ་སེམས་དཔས་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་བཅུ་དྲུག |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས་བྱུང་བ་སྟེ།
1.འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་དག་ནི། འཇིག་ཚོགས་ལ་ལྟ་བས་བཅིངས་བ། ལྟ་བ་སྣ་ཚོགས་དང་འདྲེས་པ་དག་སྟེ། ལྟ་བ་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 2.ཀྱེ་མ་སེམས་ཅན་འདི་དག་ནི། ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་ཏུ་གྱུར་ནས་མི་རྟག་པ་ལ་རྟག་པར་འདུ་ཤེས། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས། བདག་མེད་པ་ལ་ བདག་ཏུ་འདུ་ཤེས། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དག་སྟེ། ཕྱིན་ཅི་ལོག་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 3.ཀྱེ་མ་སེམས་ཅན་འདི་དག་ནི། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པ། དངོས་པོ་མེད་པ་ལ་དངོས་པོར་འདུ་ཤེས་པ་དག་སྟེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 4.ཀྱེ་མ་སེམས་ཅན་འདི་དག་ནི། སྒྲིབ་པ་ལྔས་བསྒྲིབས་ཏེ་འདོད་པའི་ཟུག་ཇུས་ཟུག་པ། ཁོང་ཁྲོ་བ་མང་བ། རྨུགས་པ་དང་གཉིད་ལ་ཆགས་པ། དམ་པ་མ་ཡིན་པ་ལ་འགྱོད་པ་ཀུན་ནས་ལངས་པ། ཟབ་མོའི་ཆོས་ལ་ངེས་པ་མ་ཐོབ་པ་དག་སྟེ། སྒྲིབ་པ་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 5.ཀྱེ་མ་སེམས་ཅན་འདི་ནི། སྐྱེ་མཆེད་དྲུག་གིས་ཆགས་པས་ཆགས་ཏེ། མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པ་ཡིན། རྣ་བས་སྒྲ་ཐོས། སྣས་དྲི་སྣམས། ལྕེས་རོ་མྱངས། ལུས་ཀྱི་རེག་བྱ་རྣམས་ལ་རེག ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པ་དག་ཡིན་ཏེ། སྐྱེ་མཆེད་དྲུག་གིས་ཆགས་པ་སྤང་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 6.ཀྱེ་མ་སེམས་ཅན་འདི་དག་ནི། (1)ང་རྒྱལ། (2)ལྷག་པའི་ང་རྒྱལ། (3)ང་རྒྱལ་ལས་ཀྱང་ང་རྒྱལ། (4)ངའོ་སྙམ་པའི་ང་རྒྱལ། (5)མངོན་པའི་ང་རྒྱལ། (6)ཅུང་ཟད་སྙམ་པའི་ང་རྒྱལ། (7)ལོག་པའི་ང་རྒྱལ་གྱིས་བཅོམ་པས་ཆུང་ངུ་དག་པས་བདག་ཅག་ཆེའོ་སྙམ་དུ་བདག་ལ་རློམ་སེམས་སུ་བྱེད་པ། མཚུངས་པ་དག་པས་ནི། བདག་ཅག་ཆེའོ་སྙམ་དུ་བདག་ལ་རློམས་སེམས་སུ་བྱེད་པ་དང་། ཆེས་ཆེ་བ་དག་པས་ཀྱང་བདག་ཅག་ཆེས་ཆེའོ་སྙམ་དུ་བདག་ལ་རློམ་སེམས་སུ་བྱེད་པ། གཟུགས་ལ་བདག་ཏུ་ཁས་ལེན་པ་ནས་རྣམ་པར་ཤེས་པའི་བར་ལ་བདག་ཏུ་ཁས་ལེན་པ། མ་ཐོབ་པར་བདག་ལ་ཐོབ་བོ་སྙམ་དུ་ཤེས་པ། བདག་ཅག་ནི། འཕགས་པའོ་སྙམ་དུ་བདག་ལ་སེམས་པ། ལོག་པའི་ལྟ་བ་ལ་ཡང་དག་པའི་ལྟ་བར་མོས་པ་དག་སྟེ། ང་རྒྱལ་གྱི་རྣམ་པ་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དབའི་སྙིང་རྗེ་ཆེན་པོ་སྐྱེ་བ། 7.ཀྱེ་མ་སེམས་ཅན་འདི་དག་ནི། ལམ་ངན་པར་ཞུགས་པ། འཕགས་པའི་ལམ་དང་བྲལ་བ་དག་སྟེ། ལམ་ངན་པ་སྤང་ཞིང་འཕགས་པའི་ལམ་ཐོབ་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟེན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 8. ཀྱེ་མ་སེམས་ཅན་འདི་དག་ནི། སྲེད་པའི་ཁོལ་པོ་ཆུང་མ་དང་། བུ་ཕོ་དང་། བུ་མོ་ལ་ཡོངས་སུ་ཞེན་པས་སྦགས་པ། རང་དབང་མེད་པ། བདག་ལ་མི་དཔོག་པ་དག་སྟེ། རང་དབང་ཡོད་ཅིང་བདག་ལ་དཔོག་པར་བྱ་བ་དང་། གར་དགའ་བར་འགྲོ་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 9.ཀྱེ་མ་སེམས་ཅན་འདི་དག་ནི། ཕན་ཚུན་མི་འཕྲོད་པ། ཁྲོ་བ་དང་། ཞེ་སྡང་དང་། གནོད་སེམས་མེད་པ་དག་སྟེ། ཁྲོ་བ་དང་། ཞེ་སྡང་དང་། གནོད་སེམས་སྡང་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 10.ཀྱེ་མ་སེམས་ཅན་འདི་དག་ནི། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ། དགེ་བའི་བཤེས་གཉེན་དང་བྲལ་བ། སྡིག་པའི་ལས་བྱེད་པ་དག་སྟེ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 11.ཀྱེ་མ་སེམས་ཅན་འདི་དག་ནི། བརྐམ་པ། ཆགས་པས་ཟིལ་གྱིས་ནོན་པ། ཆོག་མི་ཤེས་ཤིང་འཕགས་པའི་ཤེས་རབ་ཀྱི་གནས་པ་དང་བྲལ་བ་དག་སྟེ། ཆགས་པ་སྤངས་པ་དང་། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 12.ཀྱེ་མ་སེམས་ཅན་འདི་དག་ནི། ལས་ཀྱི་རྣམ་པར་སྨིན་པ་མེད་པར་ལྟ་ཞིང་རྟག་པ་དང་ཆད་པ་ལ་གནས་པ་དག་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དང་། ལས་དང་། བྱ་བ་ལ་གཟུད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་ སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 13.ཀྱེ་མ་སེམས་ཅན་འདི་དག་ནི། མ་རིག་པ་དང་གཏི་མུག་གིས་ལྗོངས་པ། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ལ་མངོན་པར་ཞེན་པ་དག་སྟེ། འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་བྱ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 14.ཀྱེ་མ་སེམས་ཅན་འདི་དག་ནི། འཁོར་བ་ལ་མངོན་པར་དགའ་བ། ཕུང་པོ་ལྔའི་གཤེད་མས་ཡོངས་སུ་ཟིན་པ་དག་སྟེ། ཁམས་གསུམ་ཐམས་ཅད་ལས་དབྱུང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 15.ཀྱེ་མ་སེམས་ཅན་འདི་དག་ནི། བདུད་ཀྱི་ཞགས་པའི་བཅིང་བས་བཅིངས་པ། གཡོ་བ་དང་། རློམ་སེམས་ལ་གནས་པ་དག་སྟེ། བདུད་ཀྱི་ཞགས་པས་བཅིངས་པ་ཐམས་ཅད་ལས་རྣམ་པར་དགྲོལ་བ་དང་། གཡོ་དང་། རློམ་སེམས་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ། 16.ཀྱི་མ་སེམས་ཅན་འདི་དག་ནི། མྱ་ངན་ལས་འདའ་བའི་སྒོ་བཅད་ཅིང་ངན་འགྲོའི་སྒོ་ཕྱེ་བ་དག་སྟེ། མྱ་ངན་ལས་འདའ་བའི་སྒོ་དབྱེ་བ་དང་། ངན་འགྲོའི་སྒོ་གཅད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་བཅས་སོ། ། |
Tibetan Source | 《མདོ་ད་པ་》ཤ་201ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |