10615

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལན་གློན་པའི་དགེ་སློང་གིས་རྒོལ་བའི་དགེ་སློང་ལ་སྐབས་དབྱེ་བ་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ།

1.ཚེ་དང་ལྡན་པ་འདི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནམ། ཐོག་མ་ནས་བསྙེན་པར་རྫོགས་པ་ཡིན་ནམ། 2.ངོ་ཚ་ཅན་ཡིན་ནམ། འགྱོད་པ་ཅན་ཡིན་ནམ། སྡོམ་པ་ཅན་ཡིན་ནམ། 3.སློབ་པར་འདོད་པའམ། མང་དུ་ཐོས་པའམ། ཐོས་པ་འཛིན་པའམ། ཐོས་པ་བསགས་པའམ། 4.འདུལ་བའམ། ལྷག་པའི་འདུལ་བ་ལས་ངེས་པར་ཤེས་པའམ། ལུང་ཁ་ཏོན་དུ་ལོབས་པའམ། 5.དེའི་འོག་ཏུ་ཡང་བརྟག་པར་བྱ་སྟེ། བདག་ལ་མཐོང་བས་སམ། 6.ཐོས་པས་སམ། 7.དོགས་པས་སམ། 8.ལུས་ཀྱིས་འདས་པས་སམ། 9.ཚིག་གིས་འདས་པས་སམ། 10.གྲོང་དུ་བྱས་སམ། 11.དགོན་པར་བྱས་སམ། 12.ནུབ་མོར་བྱས་པའམ། 13.ཉིན་པར་བྱས་པའམ། 14.ལྷག་མར་བཅས་པའམ། 15.ལྷག་མ་མེད་པ་གང་གིས་སྨྲ་བར་བྱེད། 16.ཚེ་དང་ལྡན་པ་དེས་བདག་མི་དགེ་བའི་གནས་གནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་ནུས་སམ་སྙམ་པ་བཅས་སོ། །

Tibetan Source 《འདུལ་བ་པ་པ་》ཤ་90བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number