10655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལུས་དང་ཚེ་ཚད།
Tibetan Alternate
Tibetan Definition དེ་ཡང་། མཛོད་གནས་གསུམ་པ་ལས་བྱུང་བ་སྟེ།

1.ཚངས་རིས་ལུས་ཚད་དཔག་ཚད་ཕྱེད། ཚེ་ཚད་བར་བསྐལ་ཉི་ཤུ། 2.ཚངས་པ་མདུན་ན་འདོན་ལུས་ཚད་དཔག་ཚད་གཅིག ཚེ་ཚད་བར་བསྐལ་བཞི་བཅུ། 3.ཚངས་ཆེན་ལུས་ཚད་དཔག་ཚད་ཕྱེད་དང་གཉིས། ཚེ་ཚད་བར་བསྐལ་དྲུག་ཅུ་ཐུབ་པར་བཤད་ཀྱང་། ཞིབ་ཏུ་བྱས་ན་བར་བསྐལ་ལྔ་བཅུ་ང་བརྒྱད་ཐུབ་བོ། ། དེས་བསམ་གཏན་དང་པོ་སོང་། ། 4.འོད་ཆུང་ལུས་ཚད་དཔག་ཚད་གཉིས། ཚེ་ཚད་བསྐལ་ཆེན་གཉིས། 5.ཚད་མེད་འོད་ལུས་ཚད་དཔག་ཚད་བཞི། ཚེ་ཚད་བསྐལ་ཆེན་བཞི། 6.འོད་གསལ་ལུས་ཚད་དཔག་ཚད་བརྒྱུད། ཚེ་ཚད་བསྐལ་ཆེན་བརྒྱུད། དེས་བསམ་གཏན་གཉིས་པ་སོང་། ། 7.དགེ་ཆུང་ལུས་ཚད་དཔག་ཚད་བཅུ་དྲུག ཚེ་ཚད་བསྐལ་ཆེན་བཅུ་དྲུག 8.ཚད་མེད་དགེ་ལུས་ཚད་དཔག་ཚད་སུམ་ཅུ་སོ་གཉིས། ཚེ་ཚད་བསྐལ་ཆེན་སུམ་ཅུ་སོ་གཉིས། 9.དགེ་རྒྱས་ལུས་ཚད་དཔག་ཚད་དྲུག་ཅུ་རེ་བཞི། ཚེ་ཚད་བསྐལ་ཆེན་དྲུག་ཅུ་རེ་བཞི། དེས་བསམ་གཏན་གསུམ་པ་སོང་། 10.སྤྲིན་མེད་ལུས་ཚད་དཔག་ཚད་བརྒྱ་དང་ཉི་ཤུ་རྩ་ལྔ། ཚེ་ཚད་བསྐལ་ཆེན་བརྒྱ་དང་ཉི་ཤུ་རྩ་ལྔ། 11.བསོད་ནམས་སྐྱེས་ལུས་ཚད་དཔག་ཚད་ཕྱེད་སུམ་བརྒྱ། ཚེ་ཚད་བསྐལ་ཆེན་སུམ་བརྒྱ། 12.འབྲས་བུ་ཆེ་བ་ལུས་ཚད་དཔག་ཚད་ལྔ་བརྒྱ། ཚེ་ཚད་བསྐལ་ཆེན་ལྔ་བརྒྱ། བསམ་གཏན་བཞི་པའི་སོ་སྐྱེའི་གནས་གསུམ་སོང་། 13.བསམ་གཏན་བཞི་པའི་གནས་གཙང་མ་ལྔ་ནི། མི་ཆེ་བ་ལུས་ཚད་དཔག་ཚད་སྟོང་། ཚེ་ཚད་བསྐལ་ཆེན་སྟོང་། 14.མི་གདུང་བ་ལུས་ཚད་དཔག་ཚད་ཉིས་སྟོང་། ཚེ་ཚད་བསྐལ་ཆེན་ཉིས་སྟོང་། 15.གྱ་ནོམ་སྣང་བ་ལུས་ཚད་དཔག་ཚད་བཞི་སྟོང་། ཚེ་ཚད་བསྐལ་ཆེན་བཞི་སྟོང་། 16.ཤིན་ཏུ་མཐོང་བ་ལུས་ཚད་དཔག་ཚད་བརྒྱད་སྟོང་། ཚེ་ཚད་བསྐལ་ཆེན་བརྒྱད་སྟོང་། 17.འོག་མིན་ལུས་ཚད་དཔག་ཚད་ཁྲི་དྲུག་སྟོང་། ཚེ་ཚད་བསྐལ་ཆེན་ཁྲི་དྲུག་སྟོང་ཐུབ་པའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་568.6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number