10689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དལ་འབྱོར་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ།

1.དལ་བ་བརྒྱད་ནི། ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ་སྟེ་མི་མ་ཡིན་པའི་མི་ཁོམས་པ་བཞི། མཐའ་འཁོབ་ཀླ་ཀློ། ལོག་ལྟ་ཅན་གྱི་རིགས། སངས་རྒྱས་མ་བྱོན་པའི་ཞིང་། དབང་ཤེས་བླུན་ལྐུག་བརྡ་མི་འཇལ་བ་སྟེ་མིའི་མི་ཁོམས་པ་བཞི་བཅས་བརྒྱུད་པོ་དེ་དག་དང་བྲལ་བའི་དལ་བ་བརྒྱད། 2.འབྱོར་པ་བཅུ་ལས་རང་འབྱོར་ལྔ་ནི། (1)རང་མིར་གྱུར་པ། (2)དབང་པོ་ཚང་བ། (3)ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ། (4)ལས་ཀྱི་མཐའ་མ་ལོག་པ། (5)དད་པ་ཡོད་པ་སྟེ་རང་འབྱོར་རོ། གཞན་འབྱོར་ལྔ་ནི། (1)སངས་རྒྱས་འཇིག་རྟེན་དུ་བྱོན་པ། (2)དེས་ཆོས་གསུང་བ། (3)བསྟན་པ་གནས་པ། (4)དེ་ལ་འཇུག་པ། (5)ཆོས་སྟོན་པ་ཡོད་པ་སྟེ་གཞན་འབྱོར་བཅས་སོ། །

Tibetan Source 《མི་ཕམ་བཀའ་འབུམ་ཅ་པ་》ཤ་38ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number