10693

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གདོན་ཆེན་བཅོ་བརྒྱུད་ཀྱི་ནད་བཅོ་བརྒྱད།
Tibetan Alternate
Tibetan Definition 1.ལྷ་ཡི་གདོན།

2.ལྷ་མིན་གྱི་གདོན། 3.དྲི་ཟའི་གདོན། 4.ཀླུ་ཡི་གདོན། 5.གནོད་སྦྱིན་གྱི་གདོན། 6.ཚངས་པའི་གདོན། 7.སྲིན་པོའི་གདོན། 8.ཤ་ཟའི་གདོན། 9.ཡི་དྭགས་ཀྱི་གདོན། 10.གྲུལ་བུམ་གྱི་གདོན། 11.བྱད་སྟེམས་ཀྱི་གདོན། 12.གཡེང་བྱེད་ཀྱི་གདོན། 13.རོ་ལངས་ཀྱི་གདོན། 14.མཚུན་བླའི་གདོན། 15.བླ་མའི་གདོན། 16.དྲང་སྲོང་གི་གདོན། 17.རྒན་པོའི་གདོན། 18.གྲུབ་པའི་གདོན་ཏེ་དེ་ལྟར་གདོན་ཆེན་བཅོ་བརྒྱད་དམ་ཤིན་ཏུ་ལྐོག་གྱུར་ཅན་ནམ་ངོ་མཚར་ཅན་གྱི་ནད་རིགས་མི་འདྲ་བ་རྣམ་པ་བཅས་སོ། ། གདོན་ཆེན་བཅོ་བརྒྱད་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ་ནི། ལུས་ངག་ཡིད་གསུམ་གྱིས་སྡིག་པ་མི་དགེ་བའི་ལས་མང་དུ་སྤྱད་པ་དང་། གྲོགས་མེད་པའི་གནས་འཇིགས་སྐྲག་ཅན་ཡ་ང་སར་གཅིག་པུར་བློ་མི་བདེ་བཞིན་དུ་བསྡད་པ་དང་། ཡ་ག་ཅན་ཞེས་གདུག་རྩུབ་ཅན་གྱི་ལྷ་སྲིན་སོགས་ཕན་དུ་རེ་བའི་ནུས་ལྡན་རྣམས་ལ་འབགས་པའམ་གཙང་སྦྲ་མི་ལྡན་པར་བཙོག་པ་བྱས་པ། ཡང་ན་གཙེས་ཏེ་གནོད་པ་བསྐྱལ་བ། མཆོག་གསུམ་ཆོས་སྐྱོང་ལ་མ་བཀུར་བརྙས་བཅོས་སུ་ཕྱིན་པ་དང་། རང་གི་རྒྱུན་གཏན་གོང་དུ་བཀུར་སྟི་དང་མཆོད་འོས་པའི་མཆོད་པ་དག་ཆག་པ་སོགས་ཕྱིན་ཅི་ ལོག་པའི་སྤྱོད་པས་དྲེགས་ཅན་དེ་རྣམས་ཀྱི་ཐུགས་ཁྲོས་ཏེ། ནམ་ཞིག་གོ་སྐབས་འཚོལ་ནས་གནོད་པ་སྐྱེལ་བར་བྱེད་སྙམ་པའི་རྣམ་རྟོག་གི་འཕྲུལ་ཤེས་ལྡན་པ། གཞན་ཡང་སེམས་མྱ་ངན་གྱིས་གདུང་བ། རྟེན་སོགས་ཀྱི་དྲུང་དུ་གཅེར་བུར་བྱུང་བ་སོགས་དང་མི་འཚམ་པ་སྟེ་རྩིང་པོར་སྤྱོད་པ་སྟེ་ཕ་མ་སློབ་དཔོན་ལ་རྡུང་འབོག་བྱེད་པ། གཏམ་གྱིས་སྨོད་བསྡིགས་བྱེད་པ། ཚུལ་མིན་གྱིས་སྤྱོད་པའམ་བག་མེད་པའི་སྤྱོད་པ་སོགས་ལུས་ངག་འགལ་བ་ལས་འབྱུང་པོའི་གདོན་ནད་དེ་ཉིད་འཇུག་པར་འགྱུར་བ་ཡིན་ནོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་གསུམ་པ་ཤ་310.14ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number