10719
Jump to navigation
Jump to search
| Tibetan | ཚོར་བ་རྣམ་པ་བཅོ་བརྒྱད། |
|---|---|
| Tibetan Alternate | |
| Tibetan Definition | ཁག་གཉིས་པ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཚོར་བ་དྲུག་སྟེ།
1.མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ། 2.རྣ་བ་དང་ཕྲད་པ་ལས་སྐྱེས་པའི་ཚོར་བ། 3.སྣ་དང་ཕྲད་པ་ལས་སྐྱེས་པའི་ཚོར་བ། 4.ལྕེའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ། 5.ལུས་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ། 6.ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའོ། ། དེ་དག་ཚོར་བ་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་མིན་བདེ་བ་མིན་པ་གསུམ་གསུམ་དུ་འགྱུར་བས་སོ། ། ཡང་ན། གཟུགས་ལ་སོགས་པའི་ཡུལ་དྲུག་བདེ་བའི་རྣམ་པར་སྤྱོད་པའི་ཚོར་བ་དྲུག དེ་བཞིན་དུ་ཡིད་མི་བདེ་བའི་སྤྱོད་པའི་ཚོར་བ་དྲུག དེ་བཞིན་དུ་བཏང་སྙོམས་ཀྱི་རྣམ་པར་སྤྱོད་པའི་ཚོར་བ་དྲུག་བཅས་སོ། ། |
| Tibetan Source | 《བསྟན་འགྱུར་དབུ་མ་ཧ་པ་》ཤ་166ན་2ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |