10755

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ཅན་གདུག་པ་ཅན་གྱི་དུག་བསལ་བའི་མཚན་ཉིད་དང་། ཞུགས་ས་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། ། དཔལ་རྡོ་རྗེ་གཏུམ་པོ་གསང་བའི་རྒྱུད་ལས་བྱུང་བ་སྟེ།

1.རུས་པ་ལ་ཞུགས་པ་ནི། ལུས་སྐེམ་པ་དང་། ཟུག་གཟེར་ཆེ་བ་ དང་། ན་ཐང་ངེ་བ་དང་། ཐིག་ལེ་རན་པའོ། ། པའོ། ། 2.ཤ་ལ་ཞུགས་པ་ནི། ལུས་བེབས་ སེ་འདུག་པ་དང་། ལུས་ལྕི་སེ་འདུག་པ་དང་། མདོག་ནག་པ་དང་། དྲི་མ་ངན་པ་སྔར་འོང་བ་དང་། ཤ་རོ་འབྱུང་བའོ། ། 3.པགས་པ་ལ་ཞུགས་པ་ནི། ཤ་འབྲིག་པ་དང་། མདོག་སྐྱ་བའོ། ། 4.རྩ་ལ་ཞུགས་པ་ནི། ལུས་སྦྲིད་བེར་བ་དང་། རྟགས་དེ་ནི་བཟློག་དཀའ་བའོ། ། སྦྲིད་ལུག་དང་ནི་སྦྱིད་ལྕི་དང་། ། ཚ་བ་འཛག་དང་ཚ་རབ་དང་། ། ཚ་ཀེར་བ་དང་ཚ་བྲེང་བ། །ལུས་ལ་སོགས་པ་ཚ་ཐང་བ། ། ཚ་བེར་བ་དང་ཡན་ལག་བྲབ། ། 5.ཁྲག་ལ་ཞུགས་པ་ནི། སྣ་ནས་ཁྲག་ཀྱང་སྐབས་སུ་འཛག ། ཚ་བེར་བ་དང་ལྕི་ཡོར་བ། །གདོང་པ་རྟག་ཏུ་དམར་བ་དང་། ། འོ་མའི་སྤྲིས་མོ་ལྟར་འོང་ངོ་། ། 6.རང་གྲོལ་ལ་ཞུགས་པ་ནི། གློ་སྙིང་མི་བདེ་སྐྱུག་ཏིང་ངེ། སྙིང་འདར་སྙིང་ཡང་མི་དགའ་སྟེ། ། དེ་ན་བཟློག་པར་དཀའ་བའོ། ། 7.བཅུད་ལ་ཞུགས་པ་ནི་བཞི་སྟེ། ས་བོན་མི་འབྱུང་མཚན་མི་ལྡང་། ། ཁུ་བ་སྐྱོ་མའི་མདོག་ཏུ་འོང་། ། ཁུ་བ་དྭངས་སྙིགས་ཕྱེད་ནས་འོང་། ། 8.ཆུ་ལ་ཞུགས་པ་ནི་གསུམ་སྟེ། སྦུགས་ཆུ་རྒྱ་སྐྱེགས་ཁུ་ལྟར་འོང་། ། སྣ་ཆུ་རྟག་ཏུ་སྐྱ་བོར་འོང་། ། མིག་གི་ཆུ་ཡང་རྟག་པར་འཛག ། དུར་བ་སེར་བུ་བྱུང་ཙམ་གྱིས། ། གཞན་པས་རབ་ཏུ་མྱུར་བར་འཛག ། 9.ལུས་ཀྱི་སྟོབས་ལ་ཞུགས་པ་ནི། སྐྱིད་ལུག་པ་དང་སྐྱི་ཞུམ་པ། ། ལུས་ཀྱི་རྒྱུ་བ་ཉལ་ཉལ་འོང་། ། 10.ལུས་ཀྱི་རྩི་ལ་ཞུགས་པ་ནི། རྩི་ལ་སོགས་ཏེ་ལུས་ཀྱི་དྲི། །བྱ་ཡི་པགས་བཞིན་སང་གིས་འགྲོ། ། 11.མདོག་ལ་ཞུགས་པ་ནི། ལྕེ་ནི་བཙོད་ཀྱི་མདོག་བཞིན་འོང་། ། 12.དབྱིབས་ལ་ཞུགས་པ་ནི། ལུས་ལ་གཉེར་ཆུང་དག་གིས་ཁེངས། ། སོར་མོ་བྱི་བའི་མཇུག་མ་འདྲ། ། 13.རེག་པ་ལ་ཞུགས་པ་ནི། སྣ་རྩེ་ལ་སོགས་ལག་རྩེ་རྣམས། །ཚ་ཡམ་ཚ་བེར་ལུས་གཙེ་བ། ། གཡའ་བར་འོང་བ་དག་ཡིན་ནོ། ། 14.ཆུ་བ་ལ་ཞུགས་པ་ནི། ཡན་ལག་རེངས་ཤིང་ན་བ་དང་། ། ཤ་འབུར་བ་དང་གྲང་སིང་སིང་། ། ཡན་ལག་ཚོགས་རྣམས་ཁོལ་བའོ། ། 15.ཆུ་སེར་ལ་ཞུགས་པ་ནི་ལྔ་སྟེ། ། (1)ཟ་ཁོལ་ཁོལ། (2)ཟ་ཙག་ཙག (3)ཚ་ལྗིབས་ལྗིབས། (4)ལུས་ལ་ཆུ་ལྷུང་ཡོད་པའོ། ། (5)ཆུ་ལྷང་བྱུང་ནས་རིད་མི་ལུས། ། ལུས་ལ་འབྲུམ་རྗེས་སྲན་མ་འདྲའོ། ། དེ་ནི་བཟློག་པར་སླའོ། ། 16.ཀླད་པ་ལ་ཞུགས་པ་ནི། མགོ་བོ་ཕྱིང་ཕྱིང་སྐྲངས་པ་དང་། ། འཐོམ་དང་བེམ་མེ་བ་དག་དང་། ། སྐུ་རྣམས་ནུལ་གྱིས་བྱི་ལ་སོགས། ། 17.ལྷ་བ་ལ་ཞུགས་པ་ནི། གདོང་པ་ཚ་ལམ་འོང་བ་དང་། གྲང་སེར་སེར་འོང་བའོ། ། དེ་ནི། བཟློག་པར་སླ་བའོ། ། 18.ལུས་ཀུན་ལ་ཞུགས་པ་ནི། ལུས་ཧྲིལ་གདོང་ཡང་ཐོལ་སྐྱའི་མདོག ། དེ་ནི་བཟློག་པར་དཀའ་བའོ། །

Tibetan Source 《རྒྱུད་ཅ་པ་》ཤ་224ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number