10757

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གསེར་ལེན་པའི་ལྟུང་བར་འགྱུར་བའི་གཞི་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ།

1.འདི་ལོངས་ཤིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་དབྱིག་གམ། གསེར་འདི་ལོངས་ཤིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བླངས་ན་སྤང་བའི་ལྟུང་བྱེད་དོ། ། 2.འདི་ནས་ལོངས་ཤིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་ཟངས་པོ་ཆེ་ནས་སམ། ཟངས་ནས་སམ། རྫ་བོ་ནས་སམ། སྒྲོམ་ནས་སམ། ཀོ་ལྤགས་ནས་སམ། ཟ་མ་ཏོག་ནས་ལོངས་ཤིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བླངས་ན་སྤང་བའི་ལྟུང་བྱེད་དོ། ། 3.འདི་ཙམ་ལོངས་ཤིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་བརྒྱའམ། སྟོང་ངམ། འབུམ་ལོངས་ཤིག་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བླངས་ན་སྤང་བའི་ལྟུང་བྱེད་དོ། ། 4.འདི་ཁྱེར་ཤོག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་དབྱིག་གམ་གསེར་འདི་ཁྱེར་ཤོག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། ཁྱེར་ན་སྤང་བའི་ལྟུང་བྱེད་དོ། ། 5.འདི་ནས་ཁྱེར་ཤོག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་ཟངས་པོ་ཆེ་ནས་སམ། ཟགས་ནས་སམ། ། ཛ་བོ་ནས་སམ། སྒྲོམ་ནས་སམ། ཀོ་ལྤགས་ནས་སམ། ཟ་མ་ཏོག་ནས་ཁྱེར་ཤོག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། ཁྱེར་ན་སྤང་བའི་ལྟུང་བྱེད་དོ། ། 6.འདི་ཙམ་ཁྱེར་ཤོག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་བརྒྱའམ། སྟོང་ངམ། འབུམ་ཁྱེར་ཤོག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། ཁྱེར་བ་ལ་སྤང་བའི་ལྟུང་བྱེད་དོ། ། 7.འདི་ཞོག་ཅིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་དབྱིག་གམ། གསེར་འདི་ཞོག་ཅིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བཞག་པ་ན་སྤང་བའི་ལྟུང་བྱེད་དོ། ། 8.འདིར་ཞོས་ཅིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་ཟངས་པོ་ཆེར་རམ། ཟངས་སུའམ། རྫ་བོར་རམ། སྒྲོམ་དུའམ། ཀོ་ལྤགས་སུའམ། ཟ་མ་ཏོག་ཏུ་ཞོག་ཅིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བཞག་པ་ན་སྤང་བའི་ལྟུང་བྱེད་དོ། ། 9.འདི་ཙམ་ཞོག་ཅིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་བརྒྱའམ། སྟོང་ངམ་འབུམ་ཞོག་ཅིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བཞག་ན་སྤང་བའི་ལྟུང་བྱེད་དོ། ། 10.དེ་ལོངས་ཤིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་དབྱིག་གམ། གསེར་དེ་ལོངས་ཤིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བླངས་ན་སྤང་བའི་ལྟུང་བྱེད་དོ། ། 11.དེ་ནས་ལོངས་ཤིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་ཟངས་པོ་ཆེ་ནས་སམ། ཟངས་ནས་སམ། རྫ་བོ་ནས་སམ། སྒྲོམ་ནས་སམ། ཀོ་ལྤགས་ནས་སམ། ཟ་མ་ཏོག་ནས་ལོངས་ཤིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བླངས་ན་སྤང་བའི་ལྟུང་བྱེད་དོ། ། 12.དེ་ཙམ་ལོངས་ཤིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་བརྒྱུའམ། སྟོང་ངམ། འབུམ་ཁྱེར་ཤོག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། ཁྱེར་ན་སྤང་བའི་ལྟུང་བྱེད་དོ། 13.དེ་ཁྱེར་ཤིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་དབྱིག་གམ། གསེར་དེ་ལོངས་ཤིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། ཁྱེར་བ་ན་སྤང་བའི་ལྟུང་བྱེད་དོ། ། 14.དེ་ནས་ཁྱེར་ཤོག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་ཟངས་པོ་ཆེ་ནས་སམ། ཟངས་ནས་སམ། རྫ་བོ་ནས་སམ། སྒྲོམ་ནས་སམ། ཀོ་ལྤགས་ནས་སམ། ཟ་མ་ཏོག་ནས་ཁྱེར་ཤོག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བླངས་ན་སྤང་བའི་ལྟུང་བྱེད་དོ། ། 15.དེ་ཙམ་ཁྱེར་ཤོག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་བརྒྱའམ། སྟོང་ངམ། འབུམ་ཁྱེར་ཤོག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། ཁྱེར་ན་སྤང་བའི་ལྟུང་བྱེད་དོ། ། 16.དེ་ཞོག་ཅིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་དབྱིག་གམ། གསེར་དེ་ཞོག་ཅིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བཞག་པ་ན་སྤང་བའི་ལྟུང་བྱེད་དོ། ། 17.དེར་ཞོག་ཅིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་ཟངས་པོ་ཆེར་རམ། ཟངས་སུའམ། རྫ་བོར་རམ། སྒྲོམ་དུའམ། ཀོ་ལྤགས་སུའམ། ཟ་མ་ཏོག་ཏུ་ཞོག་ཅིག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བཞག་ན་སྤང་བའི་ལྟུང་བྱེད་དོ། ། 18.དེ་ཙམ་ཤིག་ཅེས་བྱ་བ་ནི། འཐོབ་པར་འགྱུར་བའི་ཕྱོགས་སུ་བརྒྱའམ། སྟོང་ངམ། འབུམ་ཁྱེར་ཤོག་ཅེས་སྒོ་བར་བྱེད་པ་སྟེ། དེ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བཞག་ན་སྤང་བའི་ལྟུང་བྱེད་དོ། ། འདི་ལོངས་ཤིག་འདི་ནས་ལོངས་ཤིག འདི་ཙམ་ལོངས་ཤིག འདི་ཁྱེར་ཅིག འདི་ནས་ཁྱེར་ཅིག འདི་ཙམ་ཁྱེར་ཅིག འདི་ཞོག་ཅིག འདིར་ཞོག་ཅིག འདི་ཙམ་ཞོག་ཅིག དེ་ལོངས་ཤིག དེ་ནས་ལོངས་ཤིག དེ་ཙམ་ལོངས་ཤིག དེ་ཁྱེར་ཅིག དེ་ནས་ཁྱེར་ཅིག དེ་ཙམ་ཁྱེར་ཅིག དེ་ཞོག་ཅིག དེར་ཞོག་ཅིག དེ་ཙམ་ཞོག་ཅིག་ཅེས་བྱ་བ་དེ་དག་འཐོབ་པར་འགྱུར་བ་མ་ཡིན་པའི་ཕྱོགས་སུ་སྒོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། བླངས་པ་དང་། ཁྱེར་བ་དང་། བཞག་པ་ནའང་ཉེས་བྱས་སུ་འགྱུར་རོ། །

Tibetan Source 《འདུལ་བ་ཆ་པ་》ཤ་205ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number