10793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཉོན་མོངས་པ་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.མི་དགེ་བའི་རྩ་བ་ནི་གསུམ་སྟེ། (1)ཆགས་པ། (2)ཞེ་སྡང་། (3)རྨོངས་པའོ། ། 2.འདོད་ཚོལ་ནི་གསུམ་སྟེ། (1)འདོད་པའི་ཚོལ་བ། (2)སྲིད་པའི་ཚོལ་བ། (3)ཚངས་པར་སྤྱོད་པའི་ཚོལ་བའོ། ། 3.ཟག་པ་ནི་བཞི་སྟེ། (1)འདོད་པའི་ཟག་པ། (2)སྲིད་པའི་ཟག་པ། (3)ལྟ་བའི་ཟག་པ། (4)མ་རིག་པའི་ཟག་པའོ། ། 4.མདུད་པ་ནི་བཞི་སྟེ། (1)བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ། (2)གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ། (3)ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ། (4)འདི་ནི་བདེན་ཞེས་མངོན་པར་ཞེན་པའི་ཚོགས་ཀྱི་མདུད་པའོ། ། 5.ཆུ་བོ་ནི་བཞི་སྟེ། (1)འདོད་པའི་ཆུ་བོ། (2)སྲིད་པའི་ཆུ་བོ། (3)ལྟ་བའི་ཆུ་བོ། (4)མི་རིག་པའི་ཆུ་བོའོ། ། 6.སྦྱོར་བ་ནི་བཞི་སྟེ། (1)འདོད་པའི་སྦྱོར་བ། (2)སྲིད་པའི་སྦྱོར་བ། (3)ལྟ་བའི་སྦྱོར་བ། (4)མ་རིག་པའི་སྦྱོར་བའོ། ། 7.ཉེ་བར་ལེན་པ་ནི་བཞི་སྟེ། (1)འདོད་པའི་ཉེ་བར་ལེན་པ། (2) ལྟ་བའི་ཉེ་བར་ལེན་པ། (3)ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ། (4)བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། ། 8.འགྲོ་བ་མ་ཡིན་པར་བགྲོད་པ་ནི་བཞི་སྟེ། (1)འདུན་པ་ལས་འགྲོ་བ་མ་ཡིན་པར་བགྲོད་པ། (2)ཞེ་སྡང་ལས་འགྲོ་བ་མ་ཡིན་པར་བགྲོད་པ། (3)འཇིགས་པ་ལས་འགྲོ་བ་མ་ཡིན་པར་བགྲོད་པ། (4)གཏི་མུག་ལས་འགྲོ་བ་མ་ཡིན་པར་བགྲོད་པའོ། ། 9. སེར་སྣ་ནི་ལྔ་སྟེ། (1)གནས་ཀྱི་སེར་སྣ། (2)རིགས་ཀྱི་སེར་སྣ། (3)རྙེད་པའི་སེར་སྣ། (4)བསྔགས་པའི་སེར་སྣ། (5)ཆོས་ཀྱི་སེར་སྣའོ། ། 10.སྒྲིབ་པ་ནི་ལྔ་སྟེ། (1)འདོད་པ་ལ་འདུན་པ། (2)གནོད་སེམས། (3)རྨུགས་པ། (4)གཉིད་དང་། རྒོད་འགྱོད། (5) ཐེ་ཚོམ་མོ། ། 11.རྩོད་པའི་གཞི་ལ་དྲུག་སྟེ། (1)ཁྲོ་བ། (2)འཆབ་པ། (3)ཕྲག་དོག (4)གཡོ། (5)སྡིག་པ་འདོད་པ། (6)རང་གི་ལྟ་བ་མཆོག་ཏུ་འཛིན་པའོ། ། 12.བག་ལ་ཉལ་ལ་བདུན་ཏེ། (1)འདོད་པའི་འདོད་ཆགས་བག་ལ་ཉལ། (2)ཁོང་ཁྲོ་བག་ལ་ཉལ། (3)ང་རྒྱལ་བག་ལ་ཉལ། (4)ལྟ་བ་བག་ལ་ཉལ། (5)ཐེ་ཚོམ་བག་ལ་ཉལ། (6)སྲིད་པའི་འདོད་ཆགས་བག་ལ་ཉལ། (7)མ་རིག་པ་བག་ལ་ཉལ་ལོ། ། 13.འཇིག་རྟེན་གྱི་ཆོས་ནི་བརྒྱད་དེ། (1)རྙེད་པ། (2)མ་ཐོབ་པ། (3) སྙན་པ། (4)མི་སྙན་པ། (5)སྨོད་པ། (6)བསྟོད་པ། (7)བདེ་བ། (8)སྡུག་བསྔལ་ལོ། ། 14.ང་རྒྱལ་ནི་དགུ་སྟེ། (1)ང་ནི་མཆོག་ལས་ཀྱང་མཆོག་གོ་སྙམ་པའི་ང་རྒྱལ། (2)ང་ནི་མཆོག་དང་འདྲ་བའོ་སྙམ་པའི་ང་རྒྱལ། (3)ང་ནི་མཆོག་ལས་དམན་པའོ་སྙམ་པའི་ང་རྒྱལ། (4)ང་ནི་མཉམ་པ་ལས་མཆོག་གོ་སྙམ་པའི་ང་རྒྱལ། (5)ང་ནི་མཉམ་པ་དང་མཉམ་པའོ་སྙམ་པའི་ང་རྒྱལ། (6)ང་ནི་མཉམ་པ་ལས་དམན་པའོ་སྙམ་པའི་ང་རྒྱལ། (7)ང་ནི་དམན་པ་ལས་མཆོག་གོ་སྙམ་པའི་ང་རྒྱལ། (8)ང་ནི་དམན་པ་དང་མཉམ་མོ་སྙམ་པའི་ང་རྒྱལ། (9)ང་ནི་དམན་པ་ལས་དམན་པའོ་སྙམ་པའི་ང་རྒྱལ་ལོ། ། 15.ཉོན་མོངས་པའི་དངོས་པོ་ནི་བཅུ་སྟེ། (1)ཆགས་པ། (2)ཞེ་སྡང་། (3)གཏི་མུག (4)ང་རྒྱལ། (5)ལྟ་བ། (6)ཐེ་ཚོམ། (7)རྨུགས་པ། (8)རྒོད་པ། (9)ངོ་ཚ་མི་ཤེས་པ། (10)ཁྲེལ་མེད་པའོ། ། 16.མི་དགེ་བ་ནི་མི་དགེ་བའི་ལས་བཅུའོ། ། 17.ཀུན་ཏུ་སྦྱོར་བ་ནི་བཅུ་སྟེ། (1)འདོད་ཆགས་། (2)ཁོང་ཁྲོ། (3)ང་རྒྱལ། (4)ལྟ་བ། (5)ཐེ་ཚོམ། (6)ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ། (7)སྲིད་པའི་འདོད་ཆགས། (8)ཕྲག་དོག (9)སེར་སྣ། (10)མ་རིག་པའོ། ། 18.ལོག་པ་ཉིད་ནི་བཅུ་སྟེ། (1)ལོག་པར་ལྟ་བ། (2)ལོག་པར་ཀུན་ཏུ་རྟོག་པ། (3)ལོག་པའི་ངག (4)ལོག་པའི་ལས་ཀྱི་མཐའ། (5)ལོག་པའི་འཚོ་བ། (6)ལོག་པའི་རྩོལ་བ། (7)ལོག་པའི་དྲན་པ། (8)ལོག་པའི་ཏིང་ངེ་འཛིན། (9)ལོག་པའི་ཡེ་ཤེས། (10)ལོག་པའི་རྣམ་པར་གྲོལ་བའོ། ། 19.ཕྱིན་ཅི་ལོག་ནི་བཅུ་གཉིས་ཏེ། (1)མི་རྟག་པ་ལ་རྟག་གོ་ཞེས་པའི་འདུ་ཤེས་ཕྱིན་ཅི་ལོག (2)སེམས་ཕྱིན་ཅི་ལོག (3)ལྟ་བ་ཕྱིན་ཅི་ལོག (4)དེ་ལྟར་སྡུག་བསྔལ་ལ་བདེ་བའོ་འདུ་ཤེས་ཕྱིན་ཅི་ལོག (5)སེམས་ཕྱིན་ཅི་ལོག (6)ལྟ་བ་ཕྱིན་ཅི་ལོག (7)མི་སྡུག་པ་ལ་མཛེས་པ་ཞེས་འདུ་ཤེས་ཕྱིན་ཅི་ལོག (8)སེམས་ཕྱིན་ཅི་ལོག (9)ལྟ་བ་ཕྱིན་ཅི་ལོག (10)བདག་མེད་པ་ལ་བདག་གོ་ཞེས་པའི་ཕྱིན་ཅི་ལོག (11)སེམས་ཕྱིན་ཅི་ལོག (12)ལྟ་བ་ཕྱིན་ཅི་ལོག་གོ ། 20.མི་དགེ་བའི་སེམས་བསྐྱེད་པ་བཅུ་གཉིས་ཏེ། (1)ཡིད་བདེ་བ་དང་ལྡན་ཞིང་ལྟ་བར་འགྱུར་བ་དང་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ། (2)འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ། (3)ཡིད་བདེ་བ་དང་ལྡན་ཞིང་ལྟ་བར་གྱུར་པ་དང་མི་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ། (4)འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ། (5)བཏང་སྙོམས་དང་ལྡན་ཞིང་ལྟ་བར་རྟོགས་པ་དང་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ། (6)འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ། (7)བཏང་སྙོམས་དང་ལྡན་པ་ལྟ་བར་གྱུར་པ་དང་མི་ལྡན་པ་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ། (8)འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ། (9)ཡིད་བདེ་བ་དང་ལྡན་པ་ཞེ་སྡང་དང་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ། (10)འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ། (11)རྒོད་པ་དང་ལྡན་པའི་སེམས་བསྐྱེད་པ། (12)ཐེ་ཚོམ་དང་ལྡན་པའི་སེམས་བསྐྱེད་པ་བཅས་སོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་199བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number