10795

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམ་པ་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.སློང་བ་ལས་འདུན་པ་ཟློག་པར་བྱེད་པ་ཚངས་པར་མཚུངས་པར་སྤྱོད་པ་གྲོགས་པོའི་ཉེས་པ། 2.གྲོགས་པོའི་ཡོན་ཏན་ཡོད་དུ་ཟིན་ཀྱང་། ཏིང་ངེ་འཛིན་གྱི་ཐབས་སྟོན་པའི་སློབ་དཔོན་གྱི་ཉེས་པ་གང་དེ་ལ་ཏིང་ངེ་འཛིན་གྱི་ཐབས་ལོག་པར་སྟོན་པ། 3.སློབ་དཔོན་གྱི་ཡོན་ཏན་ཡོད་དུ་ཟིན་ཀྱང་ཏིང་ངེ་འཛིན་གྱི་ཐབས་འདོད་པ་ལས་བརྩམས་ཏེ། འདུན་པ་ཆུང་བའི་སེམས་རྣམ་པར་གཡེང་བར་བྱེད་པས་འཛིན་མི་ནུས་པའི་ཉེས་པ། 4.ཉན་པ་ལ་རྣ་བ་བླགས་པ་ཡོད་དུ་ཟིན་ཀྱང་། བླུན་ཞིང་བློ་ཞན་པའི་ཕྱིར་འཛིན་མི་ནུས་པའི་ཉེས་པ། 5.ཤེས་པའི་ཡོན་ཏན་ཡོད་དུ་ཟིན་ཀྱང་སེར་སྣ་སྤྱོད་པས། རྙེད་པ་དང་བཀུར་སྟི་འདོད་པའི་ཤེས་ཆེ་བའི་ཉེས་པ། 6.མྱ་ངན་དུ་བྱ་བ་མང་བ་གསོ་དཀའ་ཞིང་དགང་དཀའ་བས་ཆོག་མི་ཤེས་པའི་ཉེས་པ། 7.དེ་ཉིད་ཀྱི་དབང་དུ་བྱས་ཏེ། བྱ་བ་རྣམ་པ་སྣ་ཚོགས་ཀྱི་ཉེས་པ། 8.ཉེས་པ་དེ་མེད་དུ་ཟིན་ཀྱང་སྙོམ་ལས་དང་ལེ་ལོས་སྦྱོར་བ་ཁྱད་དུ་གསོད་པའི་ཉེས་པ། 9.ཉེས་པ་དེ་མེད་དུ་ཟིན་ཀྱང་། གཞན་ལས་བགེགས་རྣམ་པ་སྣ་ཚོགས་འབྱུང་བའི་ཉེས་པ། 10.ཉེས་པ་དེ་མེད་དུ་ཟིན་ཀྱང་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་མི་བཟོད་པའི་ཉེས་པ། 11.ཉེས་པ་དེ་མེད་དུ་ཟིན་ཀྱང་ང་རྒྱལ་དང་ཀུན་ནས་མནར་སེམས་ཀྱི་ཉེས་པས་མན་ངག་ནོད་པར་མི་བྱེད་པའི་ཉེས་པ། 12.ཉེས་པ་དེ་མེད་དུ་ཟིན་ཀྱང་མན་ངག་ལ་ལོག་པར་རྟོག་པའི་ཉེས་པ། 13.ཉེས་པ་དེ་མེད་དེ་མན་ངག་མནོས་སུ་ཟིན་ཀྱང་བརྗེད་པའི་ཉེས་པ། 14.ཉེས་པ་དེ་མེད་དུ་ཟིན་ཀྱང་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ངག་དང་འདྲེ་བར་གནས་པའི་ཉེས་པ། 15.ཉེས་པ་དེ་མེད་དུ་ཟིན་ཀྱང་ཉེས་པ་ལྔ་དང་ལྡན་པའི་གནས་མལ་ན་གནས་པའི་ཉེས་པ། 16.ཉེས་པ་དེ་མེད་དེ་རབ་ཏུ་དབེན་པ་ན་གནས་སུ་ཟིན་ཀྱང་དབང་པོ་མ་བརྟགས་པ་ལ་བརྟེན་ནས་རྟོག་པ་ངན་པ་འབྱུང་བའི་ཉེས་པ། 17.ཉེས་པ་དེ་མེད་དུ་ཟིན་ཀྱང་ཟས་མི་མཐུན་པའི་རྒྱུ་ལས་བྱུང་བ་ལུས་ལྕི་ཞིང་ལས་སུ་མི་རུང་བའི་ཉེས་པ། 18.ཉེས་པ་དེ་མེད་དུ་ཟིན་ཀྱང་རང་བཞིན་གྱིས་གཉིད་ཆེ་བས་དུས་མ་ཡིན་པར་གཉིད་ཀྱི་ཉེས་པའི་ཉོན་མོངས་པ་ཤེས་ཆེར་ཀུན་ཏུ་སྤྱོད་པའི་ཉེས་པ། 19.ཉེས་པ་དེ་མེད་དུ་ཟིན་ཀྱང་སྔོན་ཞི་གནས་མ་ཡིན་པའི་ཕྱོགས་སྤྱོད་སྤྱོད་པས། ནང་གི་སེམས་ཞི་གནས་རབ་ཏུ་དབེན་པ་ལ་མངོན་པར་མི་དགའ་བའི་ཉེས་པ། 20.ཉེས་པ་དེ་མེད་དུ་ཟིན་ཀྱང་སྔོན་ལྷག་མཐོང་མ་ཡིན་པར་སྤྱོད་སྤྱོད་པས། ལྷག་པའི་ཤེས་རབ་ཆོས་ལ་རྣམ་པར་བལྟ་བ་ལས་བརྩམས་ཏེ། ཆོས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟག་པ་ལ་མངོན་པར་མི་དགའ་བའི་ཉེས་པ་བཅས་སོ། །

Tibetan Source 《བསྟན་འགྱུར་ཚི་པ་》ཤ་268བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number