10800

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐེག་ཆེན་གྱི་སྦྱོར་བ་ཉི་ཤུ། །
Tibetan Alternate
Tibetan Definition དང་པོ། ངོ་བོའམ་རང་བཞིན་གྱི་སྒོ་ནས་དབྱེ་བ་ལྔ་ནི།

1.གཟུགས་སོགས་ལ་མི་གནས་པའི་སྦྱོར་བ། 2.གནས་པ་བཀག་པའི་སྦྱོར་བ། 3.ཟབ་པའི་སྦྱོར་བ། 4.གཏིང་དཔག་དཀའ་བའི་སྦྱོར་བ། 5.ཚད་མེད་པའི་སྦྱོར་བའོ། ། གཉིས་པ། སྦྱོར་བ་སྒོམ་པ་པོ་གང་ཟག་གི་སྒོ་ནས་དབྱེ་བ་བརྒྱད་ནི། 1.ཐེག་ཆེན་ཚོགས་ལམ་ཆུང་ངུ་བའི་རྒྱུད་ཀྱི་ཚོགས་ཆེན་ཡུན་རིང་རྟོགས་དཀའ་བའི་སྦྱོར་བ། 2.སྦྱོར་ལམ་དྲོད་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་ལུང་བསྟན་ཐོབ་པའི་སྦྱོར་བ། 3.རྩེ་མོ་བའི་རྒྱུད་ཀྱི་ཕྱིར་མི་ལྡོག་པའི་སྦྱོར་བ། 4.བཟོད་པའི་རྒྱུད་ཀྱི་ཉན་རང་སོགས་སུ་མི་ལྟུང་བའི་ངེས་པར་འབྱུང་བའི་སྦྱོར་བ། 5.ཆོས་མཆོག་པའི་རྒྱུད་ཀྱི་ཆོས་དབྱིངས་རྒྱ་མཚོར་འཇུག་པ་ལ་བར་ཆད་མེད་པའི་སྦྱོར་བ། 6.བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་བྱང་ཆུབ་ཏུ་ཉེ་བར་སྦྱོར་བ། 7.ས་གཉིས་པ་ནས་ས་བདུན་པའི་བར་གྱི་མྱུར་དུ་འཚང་རྒྱུ་བའི་སྦྱོར་བ། 8.ས་བརྒྱད་པ་བའི་རྒྱུད་ཀྱི་གཞན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྦྱོར་བ་བཅས་ནི་རྟེན་གྱི་སྒོ་ནས་འཇོག་པའོ། ། གསུམ་པ། སྦྱོར་བ་རྫོགས་པའི་ཐབས་ཀྱི་སྒོ་ནས་དབྱེ་བ་བཞི་ནི། 1.ཐ་སྙད་དུ་སྐྱོན་ཡོན་རྣམས་འཕེལ་འགྲིབ་བྱེད་ཀྱང་དོན་དམ་པར་འཕེལ་འགྲིབ་མེད་པར་རྟོགས་པའི་སྦྱོར་བ། 2.དོན་དམ་པར་དཀར་ནག་སོགས་དང་ཆོས་དང་ཆོས་མིན་སོགས་མི་མཐོང་བའི་སྦྱོར་བ། 3.གཟུགས་སོགས་བསམ་མི་ཁྱབ་མི་མཐོང་བའི་སྦྱོར་བ། 4.གཟུགས་སོགས་མཚན་ཉིད་དང་དེ་ཡི་མཚོན་བྱའི་ངོ་བོར་རྣམ་པར་མི་རྟོག་པའི་སྦྱོར་བའོ། ། བཞི་པ། འབྲས་བུའི་སྒོ་ནས་དབྱེ་བ་གཉིས་ནི། 1.ས་དགུ་པ་བའི་རྒྱུད་ཀྱི་ཡོན་ཏན་འཕེལ་བར་བྱེད་པ་འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་སྦྱོར་བ། 2.ས་བཅུ་པ་བའི་རྒྱུད་ཀྱི་རྣམ་པར་དག་པའི་སྦྱོར་བའོ། ། ལྔ་པ། དུས་ཀྱི་སྒོ་ནས་དབྱེ་བ་གཅིག་ནི་ལོ་ཟླ་ཞག་དུས་ཚིགས་སུ་བཅད་ནས་ཤེར་ཕྱིན་སྒོམ་པའི་སྦྱོར་བ་དང་ཉི་ཤུའོ། ། དེ་ལ། ངོ་བོ་ཉིད་ཀྱི་སྦྱོར་བ་ལྔ་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། དུས་ཀྱི་སྒོ་ནས་དབྱེ་བའི་ས་མཚམས་ཀྱི་སྦྱོར་བ་གཅིག་པོ་ཚོགས་ལམ་ནས་ས་བདུན་པའི་བར་དུ་ཡོད། གཞན་རྣམས་ནི་གོང་དུ་བཤད་པ་ལྟར་ས་སོ་སོ་ལ་སྦྱར་བར་བྱའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་344.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number