10801
Tibetan | དྲི་མ་མེད་པའི་ཕྱག་རྒྱུའི་སྒོ་ཉི་ཤུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ།
1.ངར་འཛིན་པ་ཡོངས་སུ་དག་པས་ནང་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 2.ང་ཡིར་འཛིན་པ་ཡོངས་སུ་དག་པས་ཕྱི་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱུ། 3.ལྟ་བར་སོང་བ་ཐམས་ཅད་ཡོངས་སུ་དག་པས་འཇིག་ཚོགས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 4.གདོད་མ་ནས་ཡོངས་སུ་དག་པའི་ཕྱིར་སེམས་ཅན་ཐམས་ཅད་བདག་མེད་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 5.རོ་གཅིག་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 6.རྣམ་པར་ཐར་པ་ཐམས་ཅད་ཡོངས་སུ་དག་པའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 7.ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་ནམ་མཁའ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 8.ཐ་དད་དུ་བྱ་བ་མེད་པའི་ཕྱིར་སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱུ། 9.རང་གི་མངོན་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར་མངོན་སུམ་ལེགས་པར་མཐོང་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 10.རྟག་ཏུ་སྣང་བ་ཡོངས་སུ་དག་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལྟར་རབ་ཏུ་གསལ་བའི་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 11.ཆགས་པ་ཐམས་ཅད་དང་བྲལ་བ་ཡོངས་སུ་དག་པའི་ཕྱིར་དུས་གསུམ་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱུ། 12.རྣམ་པར་ཤེས་པ་དང་ཡེ་ཤེས་གནས་པ་མེད་པའི་ཕྱིར་རྣམ་པར་རིག་པའི་སྒོ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 13.འདུས་བྱས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པའི་ཕྱིར་འདུས་མ་བྱས་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱུ། 14.རྐྱེན་ཤིན་ཏུ་བརྟགས་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 15.ཡང་དག་པར་ཤེས་པ་བརྫི་བ་མེད་པ་ཡོངས་སུ་དག་པའི་ཕྱིར་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་འགྲོ་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 16.སྔོན་ཡོངས་སུ་སྦྱང་བ་བྱས་པ་ཡོངས་སུ་དག་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྟོགས་པའི་མཚན་ཉིད་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 17.སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱུ། 18.མཐའ་ཐམས་ཅད་དང་བྲལ་བ་ཡོངས་སུ་དག་པའི་ཕྱིར་བདུད་དང་ཕྱིར་རྒོལ་བ་བཅོམ་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 19.ཆོས་རྣམས་ཀྱི་རང་བཞིན་ཡོངས་སུ་དག་པའི་ཕྱིར་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམས་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ། 20.ཡང་དག་པར་བླང་བ་ཡོངས་སུ་དག་པར་བྱེད་པ་ཡོངས་སུ་དག་པའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོ་རྟོགས་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་བཅས་སོ། ། |
Tibetan Source | 《མདོ་ན་པ་》ཤ་39ན་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |