10823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚེ་འདི་ལ་མི་འདོད་པའི་ཆོས་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ལས་བྱུང་བ་སྟེ།

1.ལྷ་འཕང་བར་འགྱུར་བ། 2.ཕྱོགས་དང་ཕྱོགས་མཚམས་སུ་དེའི་མི་སྙན་པ་གྲགས་པར་འགྱུར་བ། 3.དེའི་མཛའ་བ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱིས་བོར་བར་འགྱུར་བ། 4.དེ་ལ་དགྲ་མང་བར་འགྱུར་བ། 5.ནོར་དང་། འབྲུ་དང་། ཡོ་བྱད་འགྲིབ་པར་འགྱུར་བ། 6.གཡེང་བ་མང་བར་འགྱུར་བ། 7.ཡན་ལག་མ་ཚང་བར་འགྱུར་བ། 8.དེ་གཉིད་མེད་པར་འགྱུར་བ། 9.དེ་རྟག་ཏུ་སྐོམ་པས་ཉེན་པར་འགྱུར་བ། 10.དེ་ལ་བཏུང་བ་ཡང་དུག་ཏུ་འགྱུར་བ། 11.མཛའ་བ་ཡིད་དུ་འཐད་པ་དང་ཡང་མྱུར་དུ་འབྲལ་བར་འགྱུར་བ། 12.རྟག་ཏུ་གཞན་དང་འཐབ་པར་འགྱུར་བ། 13.ཕ་མ་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བྲན་མོ་དང་། བྲན་ཕོ་དང་། བྲན་དག་བསྒོ་བའི་རྗེས་སུ་མཐུན་པར་མི་བྱེད་པར་འགྱུར་བ། 14.དེའི་ཚིག་གསང་བ་དང་། ། ནོར་གསང་བ་དང་། བཙུན་མོའི་འཁོར་གསང་བ་དང་། དེ་གསང་བའི་དངོས་པོ་ཐམས་ཅད་སྣང་ཞིང་མངོན་པར་འགྱུར་བ། 15.བསྒོ་བསྐལ་ལ་སྤྱོད་པ་མི་སྡུག་པ་དག་གི་ལོངས་སྤྱོད་རྣམས་ཆུད་གསོན་པར་འགྱུར་བ། 16.མྱུར་དུ་ནད་དྲག་པོས་བཏབ་པར་འགྱུར་བ། 17.སྨན་དང་། ནད་གཡོག་མེད་ཅིང་ཤ་དང་ཁྲག་སྐམས་པ་སྡུག་བསྔལ་མྱོང་བར་འགྱུར་བ། ། 18.བདག་གི་གཅིན་གྱིས་ཀྱང་རེག་སྟེ་འཆི་བའི་དུས་བྱེད་པར་འགྱུར་བའོ། ། (སྐབས་འདིར་གཞུང་དུ་མི་འདོད་པའི་ཆོས་གཉིས་ མི་གསལ་བ་འདྲ་བ་གོང་གི་གཅོད་མཚམས་མ་འགྲིག་པའམ་གང་ལྟར་ཆད་པ་ལྟ་བུར་སྣང་བ་དཔྱད་པར་ཞུ།)

Tibetan Source 《བསྟན་འགྱུར་སུ་པ་》ཤ་164བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number