10830

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའི་ཐོབ་པ་ཆེན་པོ་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.རྒྱལ་སྲིད་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་འདོར་བས་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་ཐོབ་པ། 2.ཁྱིམ་ནས་འབྱུང་བ་ལ་གཞོལ་བས་ཉོན་མོངས་པ་ལས་བྱུང་བ་ཐོབ་པ། 3.ངུར་སྨྲིག་འཛིན་པས་རྙོག་པ་མེད་པའི་སེམས་ཐོབ་པ། 4.འཕགས་པའི་རིགས་ཆོག་ཤེས་པས་དགང་སླ་བ་དང་། གསོ་སླ་བ་ཐོབ་པ། 5.སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ཡང་དག་པར་ལེན་པས་འདོད་པ་མེད་པ་དང་། སྡིག་པ་འདོད་པ་སྤོང་བ་ཐོབ་པ། 6.ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པས་ལྷ་དང་མིར་སྐྱེ་བ་ཐོབ་པ། 7.བྱང་ཆུབ་ཀྱི་སེམསས་མི་འདོར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་པ། ། 8.དགོན་པ་དབེན་པ་ན་གནས་པས་འདུ་འཛི་དང་མི་འདྲེ་བ་ཐོབ་པ། 9.གནོད་པ་མེད་པས་ཆོས་སེམས་པའི་བདེ་བ་ཐོབ་པ། 10.བསམ་གཏན་གྱི་ཡན་ལག་ཡང་དག་པར་སྒྲུབ་པས་སེམས་ལས་སུ་རུང་བ་ཐོབ་པ། 11.ཐོས་པ་ཡོངས་སུ་ཚོལ་བས་ཤེས་རབ་ཆེན་པོ་ཐོབ་པ། 12.ང་རྒྱལ་མེད་པས་ཡེ་ཤེས་ཆེན་པོ་ཐོབ་པ། 13.དོན་ཉུང་ཞིང་བྱེད་པ་ཉུང་བས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཐོབ་པ། 14.སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་པས་བྱམས་པ་ཆེན་པོ་ཐོབ་པ། 15.སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱེད་པའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་ཐོབ་པ། 16.ལུས་དང་སྲོག་ལ་མི་ལྟ་བས་དམ་པའི་ཆོས་ཡོངས་སུ་འཛིན་པ་ཐོབ་པ། 17.སེམས་རབ་ཏུ་སྦྱངས་པས་མངོན་པར་ཤེས་པ་ཆེན་པོ་ཐོབ་པ། 18.སངས་རྒྱས་རྗེས་སུ་དྲན་པས་སང་རྒྱས་མཐོང་བ་ཐོབ་པ། 19.ཚུལ་བཞིན་གྱིས་ཆོས་ལ་སོ་སོར་རྟོག་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། 20.ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་པའི་སྤྱོད་པས་མྱུར་དུ་ཐམས་ཅད་མཁྱེན་པ་རབ་ཏུ་ཐོབ་པ་བཅས་སོ། །

Tibetan Source 《མདོ་ན་པ་》ཤ་144ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number