10835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་རྣམ་པ་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1.སེམས་འདོད་ཆགས་དང་བཅས་པ་ནི། ཆགས་པར་འགྱུར་བའི་དངོས་པོ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་གང་ཡིན་པའོ། ། 2.སེམས་འདོད་ཆགས་དང་བྲལ་བ་ནི། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པའོ། ། 3.སེམས་ཞེ་སྡང་དང་བཅས་པ་ནི། ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་ཞེ་སྡང་གིས་ཀུན་ནས་དཀྲིས་པ་གང་ཡིན་པའོ། ། 4.སེམས་ཞེ་སྡང་དང་བྲལ་བ་ནི། ཞེ་སྡང་གིས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པའོ། ། 5.སེམས་གཏི་མུག་དང་བཅས་པ་ནི། རྨོངས་པར་འགྱུར་བའི་དངོས་པོ་ལ་གཏི་མུག་གིས་ཀུན་ནས་དཀྲིས་པ་གང་ཡིན་པའོ། ། 6.སེམས་གཏི་མུག་དང་བྲལ་བ་ནི། གཏི་མུག་གིས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པའོ། ། སེམས་དྲུག་པོ་དེ་དག་ནི་རྒྱུ་བ་དང་ལྡན་པ་དག་ཡིན་པར་རིག་པར་བྱ་སྟེ། དེ་ལ་གསུམ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན་ནོ། ། གསུམ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཕྱོགས་ཡིན་ནོ། ། 7.སེམས་ཀུན་ཏུ་བསྡུས་པ་ནི། ཞི་གནས་ཀྱི་རྣམ་པས་ནང་གི་དམིགས་པ་ལ་ཉེ་བར་གཏོད་པ་གང་ཡིན་པའོ། ། 8.སེམས་རྣམ་པར་གཡེང་བ་ནི། ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྗེས་སུ་ཞུགས་པ་གང་ཡིན་པའོ། ། 9.སེམས་ཞུམ་པ་ནི། རྨུགས་པ་དང་གཉིད་དང་ལྡན་པ་གང་ཡིན་པའོ། ། 10.སེམས་རབ་ཏུ་བཟུང་བ་ནི། དང་བར་འགྱུར་བའི་དམིགས་པ་ལ་ཡང་དག་པར་རབ་ཏུ་དགའ་བར་བྱས་པ་གང་ཡིན་པའོ། ། 11.སེམས་རྒོད་པ་ནི། ཧ་ཅང་ཡང་དག་པར་གཟུང་བའི་ཕྱིར་རྒོད་པས་ཀུན་ནས་དཀྲིས་པ་གང་ཡིན་པའོ། ། 12.སེམས་རྒོད་པ་མ་ཡིན་པ་ནི། ཀུན་ཏུ་སྡུད་པའི་དུས་ལ་བཏང་སྙོམས་སུ་འགྱུར་བ་གང་ཡིན་པའོ། ། 13.སེམས་ཉེ་བར་ཞི་བ་ནི། སྒྲིབ་པ་དག་ལས་རྣམ་པར་གྲོལ་བ་གང་ཡིན་པའོ། ། 14.སེམས་ཉེ་བར་ཞི་བ་མ་ཡིན་པ་ནི། རྣམ་པར་གྲོལ་བ་མ་ཡིན་པའོ། ། 15.སེམས་མཉམ་པར་གཞག་པ་ནི། སྒྲིབ་པ་དག་ལས་རྣམ་པར་གྲོལ་བའི་ཕྱིར་བསམ་གཏན་གྱི་དངོས་གཞི་ལ་ཞུགས་པ་གང་ཡིན་པའོ། ། 16.སེམས་མཉམ་པར་གཞག་པ་མ་ཡིན་པ་ནི། མ་ཞུགས་པ་གང་ཡིན་པའོ། ། 17.སེམས་ལེགས་པར་བསྒོམས་པ་ནི། ཡུན་རིང་པོ་ནས་ཏིང་ངེ་འཛིན་དེ་ཉིད་ལ་ཡོངས་སུ་སྦྱང་བ་བྱས་པའི་ཕྱིར་མྱུར་དུ་སྙོམས་པར་འཇུག་པ་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པ་གང་ཡིན་པའོ། ། 18.སེམས་ལེགས་པར་བསྒོམས་པ་མ་ཡིན་པ་ནི། དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། ། 19.སེམས་ཤིན་ཏུ་གྲོལ་བ་ནི། ཐམས་ཅད་དང་གཏན་དུ་རྣམ་པར་གྲོལ་བ་གང་ཡིན་པའོ། ། 20.སེམས་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་ནི། ཐམས་ཅད་དང་གཏན་དུ་རྣམ་པར་གྲོལ་བ་མ་ཡིན་པ་གང་ཡིན་པའོ། ། སེམས་བཅུ་བཞི་པོ་དེ་དག་ནི་སྤྱོད་པར་གཏོགས་པ་ཡིན་པར་རིག་པར་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་108ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number