10845

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཁན་པོ་དང་། ལས་སློབ། གནས་ཀྱི་བླ་མའི་མཁས་པའི་ཡོན་ཏན་ལྔ་ཕྲུག་ཉེར་གཅིག
Tibetan Alternate
Tibetan Definition དེ་ཡང་། གཞན་གྱི་མཁན་པོ་དང་། ལས་སློབ། གནས་ཀྱི་བླ་མ་བྱ་བ་ལ་བརྟན་མཁས་ཀྱི་ཡོན་ཏན་གཉིས་ཏེ། ཚུལ་ཁྲིམས་དག་ཅིང་བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་པ་ནི། བརྟེན་པའི་ཡན་ལག མཁས་པའི་ཡན་ལག་འདུལ་བ་ཤེས་ཤིང་ལྔ་ལྡན་ཉེར་གཅིག་གང་རུང་ལྡན་དགོས་པའི་ལྔ་ཕྲུག་སྟེ།

1.ལོ་བཅུ་ལོན་པའི་ལྔ་ཕྲུག་ནི། བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ། རང་ལ་བརྟེན་པའི་གནས་པ་སློབ་མའི་ནད་གཡོག་ནུས་པ། འགྱོད་པ་བསལ་ནུས་པ། སྡིག་ལྟ་སྤོང་བར་ནུས་པ། བསམ་ཤེས་ཏེ་གནས་པ་སློབ་མ་གནས་ལ་མངོན་པར་མི་དགའ་བ་ཞི་བར་བྱེད་དམ་བྱེད་དུ་འཇུག་ནུས་པའོ། ། 2.སྡེ་སྣོད་གསུམ་འཛིན་གྱི་ལྔ་ཕྲུག་ནི། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་གསུམ་འཛིན་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 3.སྡེ་སྣོད་གསུམ་མཁས་ཀྱི་ལྔ་ཕྲུག་ནི། འདུལ་བ། མདོ་སྡེ་མངོན་པའི་སྡེ་སྣོད་གསུམ་ལ་མཁས་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 4.སྡེ་སྣོད་གསུམ་རིག་གི་ལྔ་ཕྲུག་ནི། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་གསུམ་རིག་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 5.སྡེ་སྣོད་གསུམ་གསལ་གྱི་ལྔ་ཕྲུག་ནི། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་གསུམ་གསལ་བ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 6.སྡེ་སྣོད་གསུམ་འཛིན་འཇུག་གི་ལྔ་ཕྲུག་ནི། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་གསུམ་གཞན་ལ་འཛིན་དུ་འཇུག་ནུས་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 7.སློབ་པའི་ལྔ་པ་ནི། ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ། མང་ཐོས། ཚུལ་ཁྲིམས་གཉིས་ཏེ་ལྔའོ། ། 8.སློབ་འཇུག་གི་ལྔ་པ་ནི། ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་གསུམ་གཞན་སློབ་ཏུ་འཇུག་ནུས་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 9.ལྷག་སྤྱོད་གསུམ་སོགས་ལ་སློབ་པའི་ལྔ་པ་ནི། ལྷག་པའི་སྤྱོད་པ་ཤེས་པ། འདུལ་བ་ཤེས་པ། སོ་ཐར་བསླབ་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 10.ལྷག་སྤྱོད་ སོགས་གསུམ་ལ་སློབ་འཇུག་གི་ལྔ་པ་ནི། ལྷག་སྤྱོད་ཤེས་པ། འདུལ་བ་ཤེས་པ། སོ་ཐར་ཤེས་པས་དེ་གཞན་ལ་འཛིན་འཇུག་ནུས་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 11.ཕུན་ཚོགས་འོག་མའི་ལྔ་པ་ནི། དད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ་སྟེ་ལྔའོ། ། 12.ཕུན་ཚོགས་གོང་མའི་ལྔ་པ་ནི། ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ། རྣམ་པར་གྲོལ་བ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ལྔའོ། ། 13.དྲན་པ་དང་ལྡན་པའི་ལྔ་པ་ནི། དྲན་པ། བརྩོན་འགྲུས། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 14.ནང་དུ་ཡང་དག་འཇོག་གི་ལྔ་པ་ནི། དྲན་པ། བརྩོན་འགྲུས། ཤེས་རབ་གསུམ་གྱི་ནང་དུ་ཡང་དག་པར་འཇོག་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 15.མཉམ་པར་བཞག་པའི་ལྔ་པ་ནི། དྲན་པ། བརྩོན་འགྲུས། ཤེས་རབ་གསུམ་ལ་རྟག་ཏུ་མཉམ་པར་བཞག་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ། ། 16.འཕགས་པ་སློབ་པའི་རྒྱུད་ཀྱི་ལྔ་པ་ནི། ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ། དེ་ཤེས་ནི་ཤེས་པ་བརྒྱད། དེ་མཐོང་ནི་བཟོད་པ་བརྒྱད་དང་ལྔའོ། ། 17.མི་སློབ་པའི་རྒྱུད་ཀྱི་ལྔ་པ་ནི། བསླབ་པ་གསུམ་དང་། དེ་ཤེས། དེ་མཐོང་གི་ལྔའོ། དེ་མི་སློབ་པའི་དེ་ཤེས་ནི། དགྲ་བཅོམ་པའི་རྒྱུད་ཀྱི་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ། དེ་མཐོང་ནི། དེ་ཡི་རྒྱུད་ཀྱི་ཡང་དག་པའི་ལྟ་བ་རྣམས་བཞག་པའོ། ། 18.འབྱུང་ཤེས་ཀྱི་ལྔ་པ་ནི། ལྟུང་བ་འབྱུང་བ་ཤེས་པ། བཅས་པ་ཤེས་པ། རྗེས་སུ་བཅས་པ་ཤེས་པ། བཀག་པ་ཤེས་པ། གནང་བ་ཤེས་པ་དང་ལྔའོ། ། 19.གནས་འཆའ་བའི་ལྔ་པ་ནི། བར་དུ་གཅོད་པ་ཤེས་པ། བར་དུ་གཅོད་པ་མ་ཡིན་པ་ཤེས་པ། གཞན་ལ་སྨྲ་བ་དང་རྗེས་སུ་སྟོན་པ་ཤེས་པ། རྗེས་སུ་སྟོན་པ་རང་གི་ཉམས་སུ་ལེན་ཚུལ་ཤེས་པ། རང་ལ་བརྟེན་པའི་གནས་པ་སློབ་མ་དུས་རྟག་ཏུ་གནས་འཆའ་འཇུག་ནུས་པ་དང་ལྔའོ། ། 20.གནས་འཆར་འཇུག་ནུས་པའི་ལྔ་པ་ནི། བར་དུ་གཅོད་པ་ཤེས་པ། བར་དུ་གཅོད་པ་མ་ཡིན་པ་ཤེས་པ། གཞན་ལ་སྟོན་པ་སྨྲ་བ་ཤེས་པ། རྗེས་སུ་སྟོན་པ་རང་གི་ཉམས་སུ་ལེན་ཚུལ་ཤེས་པ། རང་ལ་བརྟེན་པའི་གནས་པ་སློབ་མ་རེ་ཞིག་གནས་འཆར་འཇུག་ནུས་པ་དང་ལྔའོ། ། 21.ལྟུང་ཤེས་ཀྱི་ལྔ་ཕྲུག་ནི། ལྟུང་བ་དང་། ལྟུང་བ་མ་ཡིན་པ་ཤེས་པ། ལྟུང་བ་ཡང་བ་དང་། ལྕི་བ་ཤེས་པ། སོ་སོ་ཐར་པའི་མདོ་རྒྱས་པར་ཐོན་པ་དང་ལྔའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་493.17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number