10850

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྗེ་འབངས་འདུས་པ་ཕྱི་མར་དཀྱིལ་འཁོར་ཚོམ་བུ་ལ་བཀའ་བབས་ཀྱི་དབང་དུ་བྱས་པ་ཉེར་གཅིག
Tibetan Alternate
Tibetan Definition དེ་ཡང་། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་བཻཌཱུརྱའི་ཕྲེང་བ་ལས་བྱུང་བ་སྟེ།

1.བཀའ་འདུས་ཞི་ཁྲོ་ཡོངས་རྫོགས་ཀྱི་བཀའ་བབས་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། 2.སྤྱི་དཔལ་བུད་ཚུལ་རྫོགས་ཀྱི་བཀའ་བབས་རྒྱལ་སྲས་མུ་ཏིག་བཙད་པོ་ཡབ་ཡུམ། 3.ཡང་དག་ཐུགས་ཀྱི་བཀའ་བབས་ནམ་མཁའི་སྙིང་པོ་ཡབ་ཡུམ། 4.རྡོ་རྗེ་ཕྲེང་བའི་བཀའ་བབས་སློབ་དཔོན་ཉི་མ་གྲགས་དང་བྱང་ཆུབ་སྙིང་པོ། 5.ཕྱག་ན་རྡོ་རྗེའི་བཀའ་བབས་གཡུ་སྒྲ་སྙིང་པོ་ཡབ་ཡུམ། 6.རྡོ་རྗེ་རྩལ་རྫོགས་ཀྱི་བཀའ་བབས་དྷརྨ་བྷ་དྲ་ཡབ་ཡུམ། 7.རིག་འཛིན་བླ་མའི་བཀའ་བབས་ལེགས་སྦྱིན་ཉི་མ་ཡབ་ཡུམ། 8.བདེ་མཆོག་འཁོར་ལོའི་བཀའ་བབས་ཡོན་ཏན་མཆོག་དང་སྣ་ནམ་ཡེ་ཤེས་སྡེ། 9.འཇམ་དཔལ་གཤིན་རྗེའི་བཀའ་བབས་སངས་རྒྱས་ཡེ་ཤེས་དང་འབྲོ་བན་སྤྲིན་འབྱིན། 10.རཏ་རྩལ་རྫོགས་ཀྱི་བཀའ་བབས་འཕགས་པ་ཤེས་རབ་དང་ཤུད་བུ་ཁོང་སླེབ། 11.པདྨ་གསུང་གི་བཀའ་བབས་རྒྱལ་བ་མཆོག་དབྱངས་དང་རྡོ་རྗེ་བདུད་འཇོམས། 12.དགྱེས་པ་རྡོ་རྗེའི་བཀའ་བབས་ཅོག་རོ་ཀླུའི་རྒྱལ་མཚན་མཆེད་གཉིས། 13.གསང་བ་འདུས་པའི་བཀའ་བབས་དགོངས་པ་གསལ་དང་ཆོས་ཀྱི་ལྷུན་པོ། 14.པདྨ་རྩལ་རྫོགས་ཀྱི་བཀའ་བབས་མོན་མོ་བཀྲ་ཤིས་ཁྱེ་འདྲེན་དང་སྐྱིད་ལྕམ་མོ། 15.ཆེ་མཆོག་ཡོན་ཏན་གྱི་བཀའ་བབས་ཛྙཱ་ན་ཀུ་མཱ་ར་དང་དཀོན་མཆོག་འབྱུང་གནས། 16.དུས་ཀྱི་འཁོར་ལོའི་བཀའ་བབས་ཀླུའི་དབང་པོ་དང་ཨཱ་ཙ་ར་གསལ་མཆོག 17.མཁའ་ཀློང་འཁྱིལ་པའི་བཀའ་བབས་གཉན་ཆེན་དཔལ་དབྱངས་དང་སྣ་ནམ་ལྡིང་ཁྲི། 18.ཀརྨ་རྩལ་རྫོགས་ཀྱི་བཀའ་བབས་སྐ་བ་དཔལ་བརྩེགས་དང་གྲྭ་པ་གྲུམ་བུ། 19.སྲིད་པ་བདེ་འགྲོའི་བཀའ་བབས་འབྲོག་མི་དཔལ་ཡེ་དང་དཔལ་གྱི་དབང་པོ། 20.རྡོ་རྗེ་ཕུར་པའི་བཀའ་བབས་ཡེ་ཤེས་མཚོ་རྒྱལ་དང་ཡེ་ཤེས་གསལ་ལེ། 21.དྲེགས་པ་ཀུན་འདུལ་གྱི་བཀའ་བབས་དཔལ་གྱི་སེང་གེ་དང་ལ་བྱིང་ཡེ་ཤེས་བརྩེགས། 22.སྟོབས་ལྡན་ནག་པོའི་བཀའ་བབས་བེ་རོ་ཙ་ན་དང་ལྡན་མ་རྩེ་མང་རྣམས་ཡིན་པར་གསུངས་སོ། ། (སྐབས་འདིར་བཀའ་བབས་གཅིག་འཕར་བ་དཔྱད།)

Tibetan Source 《རིན་ཆེན་གཏེར་མཛོད་ཀ་པ་》ཤ་30ན་6ལས་བཏུས། །
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number