10900

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྙན་ངག་གི་བརྗོད་བྱ་སྡེ་བཞི་དང་། བསྔགས་པ། བརྒྱན་པ་སོགས་ཉི་ཤུ་རྩ་གཉིས།
Tibetan Alternate
Tibetan Definition དང་པོ། བརྗོད་བྱ་སྡེ་བཞི་ནི།

1.ཆོས། 2.ནོར། 3.འདོད། 4.ཐར་པའོ། གཉིས་པ། བསྔགས་པ་ལྔ་ནི། 1.གྲོང་ཁྱེར་ལ་བསྔགས་པ། 2.རྒྱ་མཚོར་བསྔགས་པ། 3.རི་བོར་བསྔགས་པ། 4.དུས་ལ་བསྔགས་པ། 5.ཉི་ཟླ་འཆར་བའི་བསྔགས་པའོ། ། གསུམ་པ། བརྒྱན་པ་བཅུ་གསུམ་ནི། 1.སྐྱེད་མོས་ཚལ་གྱི་རོལ་པས་བརྒྱན་པ། 2.ཆུ་ཡི་རོལ་རྩེད་ཀྱིས་བརྒྱན་པ། 3.ཆང་འཐུང་གིས་བརྒྱན་པ། 4.དགའ་བའི་དགའ་སྟོན་གྱིས་བརྒྱན་པ། 5.བསླུ་བའམ་མ་ཚོགས་པས་བརྒྱན་པ། 6.བག་མ་གཏོང་ལེན་གྱིས་བརྒྱན་པ། 7.གཞོན་ནུ་སྐྱེ་བ་བརྗོད་པས་བརྒྱན་པ། 8.གཞོན་ནུ་སྐྱེད་བསྲིང་ངམ་འཕེལ་བས་བརྒྱན་པ། 9.གྲོས་ཀྱིས་བརྒྱན་པ། 10.ཕོ་ཉ་བགྲོད་པས་བརྒྱན་པ། 11.ཡུལ་གཞན་དུ་བགྲོད་པས་བརྒྱན་པ། 12.གཡུལ་འཐབ་པས་བརྒྱན་པ། 13.འདྲེན་པ་དར་བས་བརྒྱན་པའོ། ། བརྗོད་བྱའི་དོན་ནི་སྲོག་ཡིན་ལ། ། ཉམས་དང་འགྱུར་བ་དག་གིས་གཏམས། ། ཞེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་563.6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number