10910

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དབང་པོ་ཉེར་གཉིས།
Tibetan Alternate
Tibetan Definition དེ་ཡང་། མཛོད་གནས་གཉིས་པ་ལས་བྱུང་བ་སྟེ།

1.མིག་གི་དབང་པོ། 2.རྣ་བའི་དབང་པོ། 3.སྣའི་དབང་པོ། 4.ལྕེའི་དབང་པོ། 5.ལུས་ཀྱི་དབང་པོ། 6.ཡིད་ཀྱི་དབང་པོ། 7.མོའི་དབང་པོ། 8.ཕོའི་དབང་པོ། 9.སྲོག་གི་དབང་པོ། 10.བདེ་བའི་དབང་པོ། 11.སྡུག་བསྔལ་གྱི་དབང་པོ། 12.ཡིད་བདེའི་དབང་པོ། 13.ཡིད་མི་བདེའི་དབང་པོ། 14.བཏང་སྙོམས་ཀྱི་དབང་པོ། 15.དད་པའི་དབང་པོ། 16.བརྩོན་འགྲུས་ཀྱི་དབང་པོ། 17.དྲན་པའི་དབང་པོ། 18.ཏིང་ངེ་འཛིན་གྱི་དབང་པོ། 19.ཤེས་རབ་ཀྱི་དབང་པོ། 20.མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། 21.ཀུན་ཤེས་པའི་དབང་པོ། 22.ཀུན་ཤེས་དང་ལྡན་པའི་དབང་པོ་བཅས་སོ། ། དེའི་བཏང་སྙོམས་ཀྱི་དབང་པོ་ཡན་གྱི་བཅུ་བཞི་ལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་དབང་པོ་དང་། དད་པའི་དབང་པོ་སོགས་ཕྱི་མ་བརྒྱད་ལ་རྣམ་བྱང་གི་དབང་པོ་དང་། དེའི་ཡང་ཐ་མ་གསུམ་པོ་ལ་དྲི་མེད་ཀྱི་དབང་པོ་ཟེར་རོ། ། སྲོག་ཡིད་བཏང་སྙོམས་ཀྱི་དབང་པོ་གསུམ་ལ་ངེས་ལྡན་གྱི་དབང་པོ་ཟེར་ཏེ་གང་ཟག་ཡིན་ཚད་དེ་དང་ལྡན་དགོས་ཞེས་གསུངས་སོ། ། ཁམས་གསུམ་ན་ཇི་ལྟར་ལྡན་ཚུལ་ནི། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བཅུ་བཞི་པོ་ཐམས་ཅད་འདོད་ཁམས་ན་ལྡན། གཟུགས་ཁམས་ན་ཕོ་མོའི་དབང་པོ། ཡིད་མི་བདེ་དང་སྡུག་བསྔལ་གཉིས་ཏེ་བཞི་མེད་པས་དབང་པོ་བཅུ་དང་ལྡན། གཟུགས་མེད་ཁམས་ན་སྲོག་ཡིད་བཏང་སྙོམས་གསུམ་དང་ལྡན། རྣམ་བྱང་དབང་པོ་བརྒྱད་ཀྱི་མི་ཤེས་པ་ཀུན་ཤེས་པའི་དབང་པོ་མ་གཏོགས་བདུན་པོ་ཐམས་ཅད་ཁམས་གསུམ་ཀ་ན་ཡོད། མི་ཤེས་པ་ཀུན་ཤེས་པའི་དབང་པོ་ནི་མཛོད་ལུགས་ལ་མཐོང་ལམ་ཡིན་པས་འདོད་པ་ཁོ་ནའི་རྟེན་ལ་ཡོད་དེ། ཀུན་ཤེས་ཀྱི་དབང་པོ་སྒོམ་ལམ་དང་དོན་གཅིག ཀུན་ཤེས་དང་ལྡན་པའི་དབང་པོ་མི་སློབ་ལམ་དང་དོན་གཅིག་གོ མངོན་པ་གོང་མ་ནས། མི་ཤེས་པ་ཀུན་ཤེས་པའི་དབང་པོ་མཐོང་ལམ་དང་མཉམ་བཞག་ཐུན་གཅིག་གིས་བསྡུས་པའི་སྦྱོར་ལམ་ཆོས་མཆོག་ན་ཡོད་དེ་ལམ་རྗེས་ཤེས་ཀྱི་སྔ་ལོག་བར་དུའོ། ། ཞེས་གསུངས་ཤིང་། དབང་པོ་གཞན་རྣམས་མཛོད་དང་འདྲའོ། ། (སྐབས་འདིའི་གྲངས་འདྲེན་ནི་མདོ་ལ་པོར་གསུངས་པ་དང་མཐུན་པ་ལགས་སོ། ། )

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་558.6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number