10919

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རབ་ཏུ་བྱུང་བས་ཡང་ཡང་བརྟག་པར་བྱ་བའི་གནས་ཉེར་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། །

1.བདག་ནི་ཁྱིམ་པའི་རྟགས་སྤངས་པ་སྟེ་མི་སྡུག་པའོ་ཞེས་གནས་འདི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། ། 2.བདག་ནི་མི་འདྲ་བ་ཁས་བླངས་པ་སྟེ། བདག་གི་ཆ་བྱད་དང་། བྱ་བ་གཞན་ཡིན་ནོ། ། 3.བདག་གི་འཚོ་བ་ནི་གཞན་ལ་རག་ལས་པ་སྟེ། ཇི་སྲིད་འཚོའི་བར་དུ་བདག་གི། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ཕ་རོལ་ལས་བཙལ་དགོས་པའོ། ། 4.བདག་ནི་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་འདོད་པ་དག་ལས་ལྡོག་པ་བྱས་པའོ། ། 5.བདག་ནི་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་རྩེད་མོའི་དགའ་བ་དག་ལས་ལྡོག་པ་བྱས་པའོ། ། 6.ཅི་ག་བདག་གིས་བདག་ཚུལ་ཁྲིམས་དག་གིས་མ་སྨད་དམ། 7.ཅི་ག་བདག་ལ་ཚངས་པ་མཚུངས་པར་སྦྱོད་པ་མཁས་པ་རྣམས་ཀྱིས་ཆོས་ཉིད་ཀྱིས་མ་སྨད་དམ། ། 8.ཅི་ག་བདག་ཉིད་མ་སྨྲས་པ་དང་། མ་ཉམས་པར་སྤྱོད་དམ། 9.ཅི་ག་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་བྱའམ། 10.ཅི་ག་གཅིག་པུ་ཀུན་དགའ་ར་བར་སྟོང་པར་མངོན་པར་དགའ་བའམ། 11.བདག་ཇི་ལྟ་བུར་གྱུར་པས་ཉིན་མཚན་འདའ། 12.ཅི་ག་འདུ་བྱེད་ཐམས་ཅད་ཞི་བ། སྟོང་པ་ཉིད་དུ་དམིགས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བའི་མྱ་ངན་ལས་འདས་པ་ལ་བདག་གི་སེམས་རབ་ཏུ་འཇུག་པ། 15.དད་པ་དང་། ཡང་དག་པར་གནས་པ་དང་། རྣམ་པོར་གྲོལ་བར་གྱུར་ཏམ། 16.ཅི་ག་ཕུང་པོ་མི་རྟག་པ་ཉིད་དང་། ཕུང་པོ་གསོབ་ཉིད་དང་། ཕུང་པོ་སྙིང་པོ་མེད་པ་ཉིད་ལ་བདག་གི་སེམས་རབ་ཏུ་འཇུག་པ། 17.དད་པ་དང་། ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར་གྱུར་ཏམ། 18.ཅི་ག་བདག་འཆི་བའི་ཚེ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་བདག་ལ་དྲིས་ན་ཡུལ་ཡུལ་པོ་མ་ཡིན་ཞིང་བག་ཚ་བ་མེད་པ། 19.འཇིགས་པ་མེད་པར་ཡང་དག་པར་ལུང་སྟོན་པར་ལུང་བསྟན་པར་བྱ་བ་གང་ཡིན་པ་དགེ་སློང་གི་འབྲས་བུ་བཞི་ལས་འབྲས་བུ་གང་ཡང་རུང་བ་ཞིག་འཐོབ་བམ། 20.བདག་ནི་སྐྱེ་བའི་ཆོས་ཅན་ཏེ། སྐྱེ་བའི་ཆོས་ཉིད་ལས་མ་འདས་པ། རྒ་བའི་ཆོས་ཅན། ན་བའི་ཆོས་ཅན།། འཆི་བའི་ཆོས་ཅན། 21.བདག་ནི་འདོད་པ་དང་། སྡུག་པ་དང་། ཕངས་པ་དང་། ཡིད་དུ་འོང་བ་ཐམས་ཅད་དང་། འབྱེ་པ་དང་། མེད་པ་དང་། བྲལ་བ་དང་། མི་ལྡན་པར་འགྱུར་པའོ། ། 22.བདག་ནི་ལས་བདག་གིར་བྱ་བ། ལས་ཀྱི་སྐྱེ་གནས་དང་། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་བརྟན་པར་བྱ་བ་སྟེ། ལས་དགེ་བའམ། མི་དགེ་བ་གང་དང་། གང་བྱེད་པ་ལམ་དེ་དང་། དེ་ཉིད་ཀྱི་སྐལ་བ་ཅན་དུ་འགྱུར་རོ་སྙམ་དུ་གནས་འདི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། ། གནས་ཉི་ཤུ་རྩ་གཉིས་པོ་འདི་དག་ལ་ཡང་དང་། ཡང་དུ་སོ་སོར་རྟོག་པ་དེའི་དགེ་སྤྱོང་གི་འདུ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །

Tibetan Source 《མདོ་ལ་པ་》ཤ་293བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number