10921

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ས་བཅུ་གཅིག་གི་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་།
Tibetan Alternate
Tibetan Definition དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་བཅུ་གཅིག

དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། 1.ས་དང་པོ་ལ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཀུན་ཏུ་རྨོངས་པ་དང་། ངན་སོང་བའི་ཉོན་མོངས་པ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 2.ས་གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་རྨོངས་པ་དང་། ལས་ཀྱི་རྣམ་པ་སྣ་ཚོགས་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 3.ས་གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱིས་ཀུན་ཏུ་རྨོངས་པ་དང་། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 4.ས་བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་ཏུ་རྨོངས་པ་དང་། ཆོས་ལ་སྲེད་པ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 5.ས་ལྔ་པ་ལ་ནི་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་། མངོན་དུ་ཕྱོགས་པ་དེ་ཉིད་ཡིད་ལ་བྱེད་པ་ཀུན་ཏུ་རྨོངས་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་། མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 6.ས་དྲུག་པ་ལ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱས་པ་ཉིད་ལ་ཀུན་ཏུ་རྨོངས་པ་དང་། མཚན་མ་མང་པོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 7.ས་བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང་། མཚན་མ་མེད་པ་གཅིག་ཏུ་ཡིད་ལ་བྱེད་པའི་ཐབས་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 8.ས་བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་རྩོད་པ་ཀུན་ཏུ་རྨོངས་པ་དང་། མཚན་མ་རྣམས་ལ་མི་དབང་བ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 9.ས་དགུ་པ་ལ་ནི་ཆོས་བསྟན་པ་དཔག་ཏུ་མེད་པ་དང་། ཆོས་ཀྱི་ཚིག་དང་། ཡི་གེ་དཔག་ཏུ་མེད་པ་དང་།གོང་ནས་གོང་དུ་ཤེས་རབ་དང་། སྤོབས་པ་ལ་གཟུངས་ཀྱི་དབང་བ་ཀུན་ཏུ་རྨོངས་པ་དང་། སྦོབས་པའི་དབང་བ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། 10.ས་བཅུ་པ་ལ་ནི་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་དང་། གསང་བ་དང་ཕྲ་བའི་རྗེས་སུ་འཇུག་པ་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། ། 11.སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་ཀུན་ཏུ་རྨོངས་པ་དང་། ཐོས་པ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་82བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number