10929

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འགོག་རྒྱུན་ཉེར་གསུམ།
Tibetan Alternate
Tibetan Definition དེ་ཡང་། འགོག་རྒྱན་གྱི་ངོ་བོ་ནི།

དོན་དེ་འགག་བྱར་བྱས་ནས་ནི། ། སྒྲུབ་ཏུ་མི་སྟེར་འགོག་པའི་རྒྱན། ཞེས་སོ། ། དབྱེ་བ་ནི་ཉི་ཤུ་རྩ་གསུམ་ལས། 1.འདས་པ་འགོག་པ་ནི། བྱུང་ཟིན་དོན་དེར་མིན་པའི་བློ། ། སྐྱེས་པས་འགོག་པ་འདས་པ་འགོག །ཅེས་སོ། ། 2.མ་འོངས་པ་འགོག་པ་ནི། སྔར་བྱུང་བརྗོད་དོན་གང་ཞིག་གིས། ། ཕྱིས་འབྱུང་འགོག་བྱེད་མ་འོངས་འགོག ། ཅེས་སོ། ། ། 3.ད་ལྟ་བ་འགོག་པ་ནི། མངོན་སུམ་ཡུལ་གྱུར་ད་ལྟའི་དོན། ། འགོག་བྱེད་ཚིག་བརྗོད་ད་ལྟར་འགོག ། ཅེས་སོ། ། 4.ཆོས་འགོག་པ་ནི། དགག་བྱའི་ཁྱད་ཆོས་དང་འགལ་བའི། ། འགོག་བྱེད་བརྗོད་པ་ཆོས་འགོག་པའོ། ། ཅེས་བ སོ། ། 5.ཆོས་ཅན་འགོག་པ་ནི། དགག་བྱའི་ཁྱད་ཆོས་ཁས་བླངས་ནས། །ཆོས་ཅན་མཐོང་འགོག་ཆོས་ཅན་འགོག ། ཅེས་སོ། ། 6.རྒྱུ་འགོག་པ་ནི། འབྲས་དེ་འབྱུང་བའི་རྒྱུ་གང་ཞིག་སྔོན་བྱས་མེད་ཅེས་རྒྱུ་འགོག་པའོ། ། ཞེས་སོ། ། 7.འབྲས་བུ་འགོག་པ་ནི། རྒྱུ་འགའ་ཚོགས་ཀྱང་དེར་བརྟེན་འབྲས། ། མ་བྱུང་མཚར་སྟོན་འབྲས་བུ་འགོག ། ཅེས་སོ། ། 8.རྗེས་གནང་གིས་འགོག་པ་ནི། རྗེས་གནང་ལྟར་བྱས་ཐབས་གཞན་གྱིས། ། སྒྲུབ་ཏུ་མི་སྟེར་རྗེས་གནང་འགོག ། ཅེས་སོ། ། 9.དབང་གིས་འགོག་པ་ནི། དགེ་མཚན་ལྡན་ཀྱང་རང་དབང་ཉིད། ། གཙོ་ཆེས་འགོག་བྱེད་དབང་གིས་འགོག ། ཞེས་སོ། ། 10.མ་གུས་པས་འགོག་པ་ནི། དོན་དེར་མ་གུས་གཞན་དུ་ནི། ། གུས་པར་སྟོན་པ་མ་གུས་འགོག ། ཅེས་སོ། ། 11.ཤིས་བརྗོད་ཀྱིས་འགོག་པ་ནི། ཤིས་བརྗོད་ཚིག་གིས་གསལ་བྱས་ནས། ། དེ་ཉིད་འགོག་བྱེད་ཤིས་པའི་འགོག ། ཅེས་སོ། ། 12.རྩུབ་མོས་འགོག་པ་ནི། ཚིག་རྩུབ་བརྗོད་པ་སྔོན་འགྲོ་བས། ། དོན་དེ་འགོག་བྱེད་རྩུབ་མོས་འགོག །ཅེས་སོ། ། 13.གྲོགས་ཀྱིས་འགོག་པ་ནི། དོན་དེ་སྒྲུབ་ལ་བསྐུལ་བ་ལྟར། ། བྱས་ནས་དེ་འགོག་གྲོགས་ཀྱིས་འགོག ། ཅེས་སོ། ། 14.འབད་པས་འགོག་པ་ནི། ཁྱོད་ལྟར་འབད་ཀྱང་རང་འདོད་ཚིག ། ཁ་ནས་ཐལ་ཞེས་འབད་པས་འགོག །ཅེས་སོ། ། 15.གཞན་དབང་གིས་འགོག་པ་ནི། གཞན་གྱི་དབང་སོང་དེ་ཉིད་ཀྱི། ། དབང་ལྟར་འདོད་ཅེས་དབང་གིས་འགོག་ཅེས་སོ། ། 16.ཐབས་ཀྱིས་འགོག་པ་ནི། རྙེད་དཀའི་ཐབས་མང་བཀོད་བྱས་ནས། ། དོན་དེ་གྱིས་ཞེས་ཐབས་ཀྱིས་འགོག ། ཅེས་སོ། ། 17.ཁྲོ་བས་འགོག་པ་ནི། བྱས་དང་མ་བྱས་ཁྱད་ཅི་ཞེས། ། ཁྲོ་ཚིག་གིས་འགོག་ཁྲོ་བས་འགོག །ཅེས་སོ། ། 18.མྱ་ངན་གྱིས་འགོག་པ་ནི། བྱ་བར་འོས་པ་མ་བྱས་པར། ། མྱ་ངན་ཚུལ་སྟོན་སྙིང་རྗེས་འགོག ། ཅེས་སོ། ། 19.འགྱོད་པས་འགོག་པ་ནི། སྒྲུབ་འོས་དོན་འགའ་མ་སྒྲུབ་པར། ། འགྱོད་པའི་ཚིག་སྨྲས་འགྱོད་པས་འགོག ། ཅེས་སོ། ། 20.ཐེ་ཚོམ་གྱིས་འགོག་པ་ནི། དེའམ་གང་ཡིན་ཁྱད་པར་འདིས། ། དེ་མིན་ཞེས་བརྗོད་ཐེ་ཚོམ་འགོག །ཅེས་སོ། ། 21.སྦྱར་བའི་འགོག་པ་ནི། དཔེ་དོན་ཐུན་མོང་ཆོས་སྦྱར་ནས། ། གཟུགས་བཀོད་དཔེ་འགོག་སྦྱར་བའི་འགོག་ཅེས་སོ། ། 22.དོན་གཞན་གྱིས་འགོག་པ་ནི། དོན་གཞན་མཚུངས་ཆོས་དངོས་བསྟན་ནས། ། དངོས་དེའི་ཆོས་འགོག་དོན་གཞན་འགོག །ཅེས་སོ། ། 23.རྒྱུ་ཡིས་འགོག་པ་ནི། ཁྱད་འཕགས་རྒྱུ་ཡིས་དེ་ཉིད་ལ། ། བསྟོད་པ་མིན་བརྗོད་རྒྱུ་ཡི་འགོག །ཅེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་585.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number