10938

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐྱབས་གསུམ་སོ་སོའི་ཡོན་ཏན་བརྒྱད་བརྒྱད་རེ་སྟེ་ཉི་ཤུ་རྩ་བཞི།
Tibetan Alternate
Tibetan Definition དེ་ཡང་། རྒྱུད་བླ་མར།

1.སངས་རྒྱས་ཀྱི་ཡོན་ཏན་བརྒྱད་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། ། མཁྱེན་དང་བརྩེ་དང་ནུས་པ་ལྡན། ། དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ། ཅེས་སོ། ། 2.ཆོས་ཀྱི་ཡོན་ཏན་བརྒྱད་ནི། བསམ་མེད་གཉིས་མེད་རྟོག་མེད་པ། ། དག་གསལ་གཉིས་པོའི་ཕྱོགས་ཉིད་ཀྱིས། ། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། ། ཞེས་སོ། ། 3.དགེ་འདུན་གྱི་ཡོན་ཏན་བརྒྱད་ནི། ཇི་ལྟ་ཇི་སྙེད་ནང་གི་ནི། ། ཡེ་ཤེས་གཟིགས་པ་དག་པའི་ཕྱིར། ། བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། ། བླ་མེད་ཡོན་ཏན་དང་ལྡན་ཉིད། ། ཅེས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་248.8ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number