10941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱུ་སྐར་དང་། གཟའ་སྒྲ་གཅན་ལྡན་པའི་ནད་འབྱུང་བ་ཉེར་བཞི།
Tibetan Alternate
Tibetan Definition དེ་ཡང་། སྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བ་སྟེ།

1.སྨིན་དྲུག་དང་གཟའ་སྒྲ་གཅན་དུ་ལྡན་པས་ནི་ཡུལ་ཀ་ལིང་ཀ་དང་། མ་ག་དྷ་པ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། ། 2.གང་གི་ཚེ་སྣར་མ་དང་སྒྲ་གཅན་དུ་ལྡན་པས་ནི་སྐྱེ་དགུ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། ། 3.གང་གི་ཚེ་མགོ་དང་གཟའ་སྒྲ་གཅན་དུ་ལྡན་པས་ནི་ལུས་འཕགས་པ་རྣམས་དང་། རྒྱལ་པོའི་ཞམ་འབྲིང་པ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། 4.དེ་བཞིན་དུ་ལག་དང་། ནབས་སོ་དང་། རྒྱལ་དང་། སྐག་དང་གང་གི་ཚེ་སྒྲ་གཅན་དུ་ལྡན་པས་ནི་ཀླུ་རྣམས་དང་། གངས་ཅན་པ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། ། 5.གང་གི་ཚེ་མཆུ་དང་སྒྲ་གཅན་དུ་ལྡན་པས་ནི་ཤར་ཕྱོགས་པ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། ། 6.གང་གི་ཚེ་གྲེ་དང་གཟའ་སྒྲ་གཅན་དུ་ལྡན་པས་ནི་རྐུན་མའི་གནས་ཉེ་བར་འབྱུང་བར་འགྱུར་རོ། ། 7.གང་གི་ཚེ་དབོ་དང་གཟའ་སྒྲ་གཅན་དུ་ལྡན་པས་ནི་ཨ་བན་ཏི་བ་རྣམས་ལ་ནད་ཉེ་བར་འབྱུང་ངོ་། ། 8.གང་གི་ཚེ་མེ་བཞི་དང་སྒྲ་གཅན་དུ་ལྡན་པས་ནི་ཡུལ་འཁོར་བ་རྣམས་ལ་ནད་ཉེ་བར་འབྱུང་ངོ་། ། 9.གང་གི་ཚེ་ནག་པ་དང་སྒྲ་གཅན་དུ་ལྡན་པས་ནི་བྱ་དང་རྐང་གཉིས་པ་རྣམས་ལ་ནད་ཉེ་བར་འབྱུང་ངོ་། ། 10.གང་གི་ཚེ་ས་རི་དང་སྒྲ་གཅན་དུ་ལྡན་པས་ནི་རབ་ཏུ་བྱུང་བ་ཐམས་ཅད་ལ་ནད་འབྱུང་ངོ་། ། 11.གང་གི་ཚེ་ས་ག་དང་སྒྲ་གཅན་དུ་ལྡན་པས་ནི་ཆུའི་སེམས་ཅན་རྣམས་ལ་ནད་འབྱུང་ངོ་། ། 12.གང་གི་ཚེ་ལྷ་མཚམས་དང་སྒྲ་གཅན་དུ་ལྡན་པས་ནི་ཟོང་དང་ལྡན་པའི་ཚོང་པ་རྣམས་ལ་ནད་འབྱུང་ངོ་། ། 13.གང་གི་ཚེ་སྒྲོན་དང་སྒྲ་གཅན་དུ་ལྡན་པས་ནི་སྒོ་དྲུང་རྣམས་ལ་ནད་འབྱུང་ངོ་། ། 14.གང་གི་ཚེ་སྒྲུབས་དང་སྒྲ་གཅན་དུ་ལྡན་པས་ནི་མགྲོན་པོ་རྣམས་ལ་ནད་འབྱུང་ངོ་། ། 15.གང་གི་ཚེ་ཆུ་སྟོད་དང་སྒྲ་གཅན་དུ་ལྡན་པས་ནི་ཨ་བན་ཏི་པ་རྣམས་ལ་ནད་འབྱུང་ངོ་། ། 16.གང་གི་ཚེ་ཆུ་སྨད་དང་སྒྲ་གཅན་དུ་ལྡན་པས་ནི་ཀམ་པོ་ཙེའི་གླིང་པ་རྣམས་དང་། ན་བ་ཏི་པ་རྣམས་ལ་ནད་འབྱུང་ངོ་། ། 17.གང་གི་ཚེ་བྱི་བཞིན་དང་སྒྲ་གཅན་དུ་ལྡན་པས་ནི་ལྷོ་ཕྱོགས་པ་ཐམས་ཅད་དང་། ཟངས་གླིང་པ་རྣམས་ལ་ནད་འབྱུང་ངོ་། ། 18.གང་གི་ཚེ་གྲོ་བཞིན་སྒྲ་གཅན་དུ་ལྡན་པོས་ནི་རྐུན་མ་ལ་ནད་འབྱུང་ངོ་། ། 19.གང་གི་ཚེ་མོན་གྲེ་དང་སྒྲ་གཅན་དུ་ལྡན་པས་ནི་ཀུ་རུ་བ་དང་། རྣ་ཅན་པ་རྣམས་ལ་ནད་འབྱུང་ངོ་། ། 20.གང་གི་ཚེ་མོན་གྲུ་དང་སྒྲ་གཅན་དུ་ལྡན་པས་ནི་གསེར་འཚོང་བ་རྣམས་ལ་ནད་འབྱུང་ངོ་། ། 21.གང་གི་ཚེ་ཁྲུམས་སྨད་དང་སྒྲ་གཅན་དུ་ལྡན་པས་ནི་རོལ་མོ་བ་རྣམས་ལ་ནད་འབྱུང་ངོ་། ། 22.གང་གི་ཚེ་ནམ་གྲུ་དང་སྒྲ་གཅན་དུ་ལྡན་པས་ནི་གྲུ་པ་རྣམས་ལ་ནད་འབྱུང་ངོ་། ། 23.གང་གི་ཚེ་ཐ་སྐར་དང་སྒྲ་གཅན་དུ་ལྡན་པས་ནི་རྟ་འཚོང་བ་རྣམས་ལ་ནད་འབྱུང་ངོ་། ། 24.གང་གི་ཚེ་བྲ་ཉེ་དང་སྒྲ་གཅན་དུ་ལྡན་པས་ནི་ཞིང་བཟང་པོ་རྣམས་ལ་ནད་འབྱུང་ངོ་། །

Tibetan Source 《མདོ་ཨ་པ་》ཤ་408ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number