10944

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་པའི་གང་ཟག་གི་མཚན་མ་ཉེར་བཞི།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་ལེའུ་ཉེར་ལྔ་པ་མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་ལས་བྱུང་བ་པ་ཞམ་བ་ཡིན།

1.རྨུགས་ཤིང་གཉིད་ཆེ་བ་ཡིན། 2.ལེ་ལོ་ཆེ་བ་ཡིན། 3.མང་དུ་ཟ་བ་ཡིན། 4.ས་ལ་འདྲུད་པ་ཡིན། 5.མི་འཇིགས་པ་མེད་པ་ཡིན། 6.མི་གསལ་བར་སྨྲ་བ་ཡིན། 7.གླེན་པ་ལ་དགའ་བ་ཡིན། 8.མུན་པ་ལ་དགའ་བ་ཡིན། 9.འདམ་རྫབ་ལ་དགའ་བ་ཡིན། 10.ཡང་དང་ཡང་སོས་རྩྭ་གཅོད་པ་ཡིན། 11.རྒྱུན་དུ་རྐང་པའི་མཐེ་བོས་ས་རྐོ་བ་ཡིན། 12.ཡང་དང་ཡང་མགོ་ལ་སྦྲང་མ་འདུ་བ་ཡིན། 13.ཡང་དང་ཡང་ནམ་མཁའ་ལ་སོས་འདེབས་པ་ཡིན། 14.ཀུན་ཏུ་བསྐུམས་ཏེ་ཉལ་བ་ཡིན། 15.ས་ལ་ཉལ་བ་ཡིན། 16.མི་གཙང་བས་མི་འདག་པ་ཡིན། 17.ཡང་དང་ཡང་ནམ་མཁའ་ལ་རྣམ་པ་ཡིན། 18.ཡང་དང་ཡང་མ་སྨིན་པ་ཟ་བ་ཡིན། 19.གཞན་དུ་སྨྲ་ཞིང་གཞན་དུ་བྱེད་དེ་གཡོ་བྱེད་པ་ཡིན། 20.བབ་བབ་ཏུ་སྤྱོད་པ་ཡིན། 21.རྨི་ལམ་ན་བདག་རྫབ་ཀྱིས་གོས་པར་རྨི་བ་ཡིན། 22.རྨི་ལམ་ན་བདག་ནགས་སུ་སོང་སྟེ་རྩྭ་ཟ་བར་རྨི་བ་ཡིན། 23.སྦྲུལ་གདུག་པས་བདག་བསྐོར་བར་མཐོང་བ་ཡིན། 24.བདག་ཉིད་རི་ཁྲོད་དུ་ཞུགས་པར་མཐོང་བ་ཡིན་པ་བཅས་སོ། །

Tibetan Source 《དཀོན་བརྩེགས་ང་པ་》ཤ་278ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number