10952

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དཔའ་བོ་ཉེར་བཞི།
Tibetan Alternate
Tibetan Definition དེ་ཡང་། གསང་སྔགས་མ་རྒྱུད་ཀྱི་གཞུང་ལས་གསང་སྔགས་བླ་མེད་ཀྱི་ལམ་བསྒོམ་པ་ལ་མཆོག་ཏུ་བསྔགས་པའི་ཡུལ་ཉེར་བཞི་ན་ཡོད་པའི་དཔའ་བོ་སྟེ།

1.ཡི་དྭགས་ཀྱི་གྲོང་ལ་སོགས་པ་སྐུ་ཡི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་སྟོབས་པོ་སོགས་སྐུ་ཡི་དཔའ་བོ་བརྒྱད། 2.འདོད་པའི་གཟུགས་སོགས་གསུང་གི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་མྱུ་གུ་ཅན་ལ་སོགས་པའི་གསུང་གི་དཔའ་བོ་བརྒྱད། ། 3.པཱུ་རི་ར་ལ་སོགས་པའི་ཐུགས་ཀྱི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་ཐོད་པའི་དུམ་བུ་ལ་སོགས་པའི་ཐུགསས་ཀྱི་དཔའ་བོ་བརྒྱད་བཅས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1277.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number