10956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱིས་པའི་ནད་ཕྲ་རགས་ཞིབ་གསུམ་གྱི་དབྱེ་བ་ཉི་ཤུ་བཞི།
Tibetan Alternate
Tibetan Definition དེ་ཡང་། བྱིས་པའི་ནད་ཀྱི་དབྱེ་བ་ལ་ལྷན་སྐྱེས་ཀྱི་ནད་དང། གློ་བུར་བའི་ནད་ཀྱི་དབྱེ་བ་གཉིས་ཡོད་པའི་ལྷན་སྐྱེས་ཀྱི་ནད་ནི་མ་ནད་བུ་ལ་ལྷུང་བ་ནི་ཐོག་མ་ནས་རང་ལ་ཡོད་པས་ལྷན་སྐྱེས་ནད་ཡིན། གློ་བུར་བའི་ནད་ཀྱི་ཕྲ་རགས་ཞིབ་གསུམ་གྱི་དང་པོ་རགས་པ་རྣམ་པ་བརྒྱད་ནི།

1.བྲང་གི་ནད། 2.གློ་བའི་ནད། 3.མཆིན་པའི་ནད། 4.འཁྲུ་བའི་ནད། 5.སྐྱུག་པའི་ནད། 6.རིམས་ནད། 7.ལྟེ་བའི་ནད། 8.རྡེའུའི་ནད་དོ། ཕྲ་བའི་ནད་བརྒྱད་ནི། 1.མགོ་སྐྲངས་པ། 2.གྲེ་བ་འགགས་པ། 3.མཆེར་པའི་ནད། 4.མཁྲིས་པའི་ནད། 5.ཕོ་བའི་ནད། 6.ལོང་གི་ནད། 7.ས་ཟོས་པའི་ནད། 8.ཞོ་རས་ཀྱི་ནད་དོ། ཞིབ་ཚགས་ཀྱི་ནད་བརྒྱད་ནི། 1.མིག་ནད། 2.རྣ་བའི་ནད། 3.ཁ་ནད། 4.རྨེན་བུའི་ནད། 5.སྲོག་རྩའི་ནད། 6.ཤ་ནད། 7.སྲིན་ནད། 8.ཕོལ་ནད་བཅས་སོ། ། བྱིས་པའི་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ་ནི། བྱིས་པའི་ནད་ཀྱི་རྒྱུ་ནི། རྣམ་པར་མ་གྱུར་པའི་རླུང་མཁྲིས་བད་ཀན་གསུམ་ཡིན་ལ་དེ་ཉིད་རྣམ་པར་འགྱུར་བྱེད་ཀྱི་རྐྱེན་ནི་གཉིས་ཏེ། མ་ལས་བྱུང་བ་དང་། བུ་ལས་བྱུང་བའི་རྐྱེན་གཉིས་ཡོད། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་གསུམ་པ་ཤ་224.9ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number