10958

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྲག་གི་ཁ་དོག་དང་དབྱིབས་ངན་པ་ཉི་ཤུ་རྩ་བཞི།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ། དང་པོ་ཁ་དོག་ནི།

1.དམར་བའི་ཁ་སྲིན་གྱི་བྱེ་བས་བུ་ཚན་ལ་ཤི་བ་དང་གྲི་ཤི་མང་། 2.དམར་ལ་རྩུབ་ན་རྨ་ངོ་དང་ཁྲག་ངོ་། 3.སྤྱང་ལྟོགསས་འདྲ་བས་ཆུང་སྲི་ལྡང་། 4.སྔོ་སྐྱ་དང་ཐལ་སྐྱས་བསེ་རགས་ཀྱིས་གནོད། 5.སེར་ནག་སྟུག་པོས་གཅོང་ནད་མོད་པ། 6.དཀར་གསེབ་ནག་པོས་འབངས་ཀྱིས་རྗེ་གསོད། 7.ནག་གསེབ་དཀར་པོས་རྗེས་འབངས་གསོད། 8.སྐྱ་བོ་གཟང་རིང་གིས་ལྷ་གདོན་གནོད། 9.དཀར་སེར་སྔོན་པོ་དང་འདྲེས་པ་ངན་པའོ། ། གཉིས་པ་དབྱིབས་ནི། 1.མི་ཧྲེང་ཁུས་འདེབས་འདྲ་བ་ངན། 2.ཕག་མོ་ངུས་འདྲ་ངན། 3.སྲིན་མོའི་གདོང་འདྲ་ངན། 4.གཅན་གཟན་མཆེ་བ་འདྲ་བ་ངན། 5.ངུས་པའི་མཆི་རྗེས་འདྲ་བ་ངན། 6.བྲད་པའི་སྡེར་རྗེས་འདྲ་བ་ངན། 7.འབྲང་རྒྱས་འདྲ་ན་ཚེ་སྟོད་བཟང་ལ་ཚེ་སྨད་ངན། 8.རྩེ་མོ་དཀར་དམར་གཉིས་ཕ་སྤུན་འཁྲུག 9.གཤིན་རྗེ་ཁྲོས་འདྲས་ཕུང་སྲི་ལྡང་། 10.སྤྲང་པོ་ཟོ་བ་ཐོགས་འདྲ་ངན། 11.མི་ཧྲེང་བྲོས་ཁུར་བ། ཐང་བཟན་ཞིག་འདྲ། ཤ་རི་སྒོག་པ་འདྲ་བས་མི་སྒབ་འཆད། 12.སྤྲེལ་གདོང་འདྲ་ན་ནང་དམེ་ཡོང་། 13.ཟངས་ཁ་སྦུབས་འདྲ་བ་ངན། 14.སྒོ་ཐད་གོམ་པ་ཉེར་ལྔའི་ས་ན་ཝ་འཇབ་འདྲ་ནི་འཕུང་སྲི་ཡིན། 15.དུར་གྱི་གཉའ་བར་ཕ་བོང་སྤྱང་ཀུ་འདྲ་བ་ནི་འཕུང་སྲི་ཡིན་པའོ། །

Tibetan Source 《མདོ་རྒྱུད་མཛོད་ཧ་པ་》ཤ་661.11ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number