10974

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཁྱབ་བྱ་དུག་ལྔར་ཕྱེ་བས་ཉོན་མོངས་པ་ཉི་ཤུ་རྩ་ལྔ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏིའི་གཞི་ལས་བྱུང་བ་སྟེ། གཏི་མུག་ལ་ལྔ་སྟེ།

1.རབ་ཏུ་རྨུགས་པའི་གཏི་མུག 2.མ་ཤེས་པའི་གཏི་མུག 3.མ་མཐོང་བའི་གཏི་མུག 4.ཤིན་ཏུ་འཐིབ་པའི་གཏི་མུག 5.རབ་ཏུ་མྱོས་པའི་གཏི་མུག་གོ ། འདོད་ཆགས་ལ་ཡང་ལྔ་སྟེ། 1.ཞེ་ལ་འདོད་པའི་འདོད་ཆགས། 2.ཤིན་ཏུ་གདུང་བའི་འདོད་ཆགས། 3.སྲོག་ལ་མི་ལྟ་བའི་འདོད་ཆགས། 4.ཞེ་སྡང་དང་བཅས་པའི་འདོད་ཆགས། 5.མཁའ་ལ་སྤྱོད་པའི་འདོད་ཆགས་སོ། ། ཞེ་སྡང་ལ་ཡང་ལྔ་སྟེ། 1.འདོད་པ་ཤས་ཆེ་བའི་ཞེ་སྡང་། 2.ཁྲོ་བ་དང་བཅས་པའི་ཞེ་སྡང་། 3.ཤིན་ཏུ་རགས་པའི་ཞེ་སྡང་། 4.གཏི་མུག་དང་བཅས་པའི་ཞེ་སྡང་། 5.དུས་ཀྱི་འབྲུག་ཆར་ལྟ་བུའི་ཞེ་སྡང་ངོ་། ། ང་རྒྱལ་ལ་ཡང་ལྔ་སྟེ། 1.ཟིལ་གྱི་གནོན་པ་སེང་གེ་ལྟ་བུའི་ང་རྒྱལ། 2.གོང་ན་མེད་པ་ནམ་མཁའ་ལྟ་བུའི་ང་རྒྱལ། 3.དཔའ་རྟུལ་ཆེ་བ་སྟག་ལྟ་བུའི་ང་རྒྱལ། 4.ངའོ་སྙམ་པ་དུར་བྱ་ལྟ་བུའི་ང་རྒྱལ། 5.མི་མཉམ་པ་སྙོམས་པ་གླང་པོ་ཆེ་ལྟ་བུའི་ང་རྒྱལ་ལོ། ། ཕྲག་དོག་ལ་ཡང་ལྔ་སྟེ། 1.ཕྲ་བའི་ཕྲག་དོག 2.ང་ལས་བྱུང་བའི་ཕྲག་དོག 3.ཤིན་ཏུ་རྩུབ་པའི་ཕྲག་དོག 4.རགས་པའི་ཕྲག་དོག 5.ལྟ་བའི་ཕྲག་དོག་བཅས་སོ། །

Tibetan Source 《མདོ་རྒྱུད་མཛོད་བི་པ་》ཤ་64.9ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number